བཅོས་ཐབས་མེད་པའི་ནད་བྱུང་བའི་ཕྱུག་པོ་ཞིག

    ཡིག་སྒྱུར་བ། སྒྲོལ་དཀར་ཚེ་རིང་།


བཅོས་ཐབས་མེད་པའི་ནད་བྱུང་བའི་ཕྱུག་པོ་ཞིག 

 

                         སྒྲོལ་དཀར་ཚེ་རིང་གིས་བསྒྱུར། 

 



 

ཕྱུག་པོ་ཞིག་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་། ཁོས་རང་ཉིད་མི་རིང་བར་འཇིག་རྟེན་དང་ཁ་འབྲལ་ངེེས་རེད་སྙམ་ནས་སེམས་པ་ཁོང་དུ་ཆུད་པར་གྱུར།  དེའི་རྗེེས་སུ། ཁོས་དབེན་པ་བསྟེན་པའི་སྨན་པ་གྲགས་ཅན་ཀྲང་ལགས་ལ་བཀའ་འདྲི་ཞུས། སྨན་པས་ཁོའི་རྩ་ལ་བརྟག་རྗེེས། ཁོ་ལ། ནད་འདི་ལ་ཐབས་གཅིག་མ་གཏོགས་བཅོས་ཐབས་མི་འདུག འདིར་སྨན་ཐུམ་གསུམ་ཡོད། ཁྱེད་ཀྱིས་རིམ་ཅན་དུ་བསྒྲུབ་དགོས་ལ། སྨན་ཐུམ་གཅིག་བསྒྲུབས་རྗེེས་ད་གཟོད་སྨན་ཐུམ་གཞན་དེའི་ཁ་ཕྱེ་ཆོག ཅེས་བཤད། 

 

1 ཕྱུག་པོ་ཡུལ་ལ་འབྱོར་རྗེས་སྨན་ཐུམ་དང་པོའི་ཁ་ཕྱེ། དེའི་སྟེང་དུ། ཁྱེད་རང་མཚོ་འགྲམ་དུ་བསྟུད་མར་ཉིན་ཉེར་གཅིག་ལ་དུས་ཚོད་ཕྱེད་ཀ་རེར་གན་རྐྱལ་དུ་ཉལ་དགོས། ཞེས་བྲིས་འདུག 

 

ཕྱུག་པོ་ཡིད་གཉིས་སུ་ལུས་ཀྱང་མཐར་དེ་ལུགས་སུ་བསྒྲུབས་པ་ལ། མཐར་གན་རྐྱལ་དུ་ཉལ་ཐེངས་རེ་ལ་ཆུ་ཚོད་གཉིས་རེ་འགོར་འགྲོ་སྟེ། ནམ་རྒྱུན་ཁོ་ལ་བྲེལ་བ་ཧ་ཅང་ཆེ་བས། འདི་འདྲའི་སོས་དལ་བག་ཕེབས་ཤིག་བྱུང་མ་མྱོང་བས་ཡིན། 

 

རླུང་དང་། རྒྱ་མཚོ། ཆུ་སྐྱུར་གྱི་སྐད་ལ་ཉན་བཞིན། སེམས་སུ་སྔ་ན་མེད་པའི་ཞི་བ་ཞིག་ཐོབ། 

 

2 ཉིན་ཉེར་གཉིས་པར་ཁོས་སྨན་ཐུམ་གཉིས་པའི་ཁ་ཕྱེ་ལ། དེའི་སྟེང་དུ། ཁྱེད་ཀྱིས་མཚོ་འགྲམ་དུ་བསྟུད་མར་ཉིན་ཉེར་གཅིག་ལ་ཉའམ་ཆུ་འབུ་གློ་ཉའམ་འགྲོན་བུ་ལྔ་བཙལ་ནས། དེ་དག་རྒྱ་མཚོའི་ནང་དུ་གཏོང་དགོས། ཞེས་བྲིས་འདུག 

 

ཕྱུག་པོའི་སེམས་སུ་དོགས་པས་ཁེངས་ཀྱང་དེ་ལུགས་སུ་བསྒྲུབས། མཐར་ཆུ་འབུ་གློ་ཉ་དག་རྒྱ་མཚོའི་ནང་དུ་གཏོང་ཐེངས་རེར། ཁོ་ལ་ཅི་ཡིན་འདི་ཡིན་མེད་པར་སེམས་འགུལ་ཐེབས། 

 

3 ཉིན་ཞེ་གསུམ་པར་ཁོས་སྨན་ཐུམ་གསུམ་པའི་ཁ་ཕྱེ་ལ། དེའི་སྟེང་དུ། ཁྱེད་ཀྱིས་ཡལ་ག་གང་ཡང་རུང་བ་ཞིག་བཙལ་ནས། མཚོ་འགྲམ་དུ་མ་ཚིམ་པ་དང་སྡང་བར་བྱེད་པའི་དོན་ཐམས་ཅད་འབྲི་རོགས། ཞེས་བྲིས་འདུག 

 

ཁོས་བྲིས་ནས་རིང་པོ་མ་ཕྱིན་པར། མཚོ་རླབས་ཀྱིས་ཡི་གེ་དེ་དག་བསུབས། ཁོ་རང་གློ་བུར་དུ་རྨོངས་གཉིད་ལས་སད་ཅིང་། སེམས་འགུལ་ཐེབས་པའི་མཆི་མ་ཆར་དུ་བསྙིལ། 

 

ཡུལ་ལ་ལོག་རྗེེས། ཁོའི་ལུས་ཡོངས་བདེ་འབོལ་ལེར་གྱུར་ལ། སོས་དལ་བག་ཕེབས་སུ་གནས་པ་མ་ཟད། འཆི་བ་ལའང་འཇིགས་པ་མེད་པར་གྱུར། མི་དག་གིས་དོན་དག་གསུམ་བསྒྲུབ་མ་ཤེས་པས་སྡུག་བསྔལ་བར་གྱུར་པ་སྟེ། དེ་གསུམ་གང་ཞེ་ན། 

 

1 ངལ་གསོ། 

2 གཏོང་བ། 

3 འཇོག་པ། 

 

བརྣབ་སེམས་ནི་དུག་དང་འདྲ་ཞིང་། མིའི་འདོད་པ་ལ་ནམ་ཡང་ཚིམ་པར་བྱེད་པའི་སྐབས་མེད་དོ།། འཚོ་བ་གཏན་ཆགས་ཤིག་ཡོད་ཕྱིན་སྐྱིད་ཐབས་བདེ་ཐབས་དོན་དུ་གཉེར་དགོས་ལ། འཚོ་བ་སྐྱིད་པོ་ཞིག་བྱུང་རྗེས་རྒྱས་སྤྲོས་ཀྱི་ལོངས་སུ་སྤྱོད་པ་དོན་དུ་གཉེར་དགོས། 

 

ཁྱེད་ཀྱི་འདོད་པ་ལ་ཚིམ་པ་མེད་ན། ནམ་ཡང་བདེ་བའི་གནས་མེད་པས། ཆོག་ཤེས་བསྟེན་ན་རྟག་ཏུ་བདེ་ཞེས་པའང་དེ་དོན་ཡིན་ནོ།། ད་ལྟ་རང་ལ་དབང་བ་དག་གཅེས་པར་བཟུང་ན། ཁྱེད་ཀྱིས་རང་ཉིད་ནི་འཇིག་རྟེན་འདིའི་ཆེས་འབྱོར་བ་དང་ལྡན་པའི་མི་དེ་ཡིན་པ་ཚོར། 

 

      一个得了绝症的富翁

 

有一个富翁得了绝症,他觉得自己将不久人世,心中很难过。

后来,他请教一位隐居的名医老张。名医为他把脉诊断后说:


“这病除了一个办法外,无药可医,我这里有三帖药。你依续照做,一帖做完再打开另一帖。”
 

1. 富翁回到家,打开第一帖,上面写着:“请你到一处沙滩,躺下30分钟,连续21天。”


富翁半信半疑,还是照做了,结果每次一躺就是2个小时。因为他很忙碌,所以从来没有这么舒服过。


听着风,听着海和海鸥的鸣叫内心无比的舒服。

 

2. 第22天,他打开第二帖,上面写着:“请在沙滩上找5只鱼或虾或贝,将牠们送回海里,连续21天。”

 

富翁满心怀疑,但还是照做了,结果每次将小鱼虾丢回海里时,他却莫名地感动。

 

3. 第43天,他打开第三帖,上面写着:“请随便找一根树枝,在沙滩上写下所有不满和怨恨的事。”

 

当他写完没多久,海浪涨潮就把那些字冲刷掉了,他突然顿悟而感动的哭了。

 

回家后,他觉得全身舒畅,很轻松而自在,甚至不再怕死了。

原来,人因为学不会三件事,所以会不快乐:

 

1. 休息;

2. 付出;

3. 放下。

 

贪婪是一种毒药,人的欲望永远没有止境。拥有了稳定的生活还要去追求安逸,拥有了安逸的生活还要去追求奢侈的物质享受。

 

只要你的欲望没有尽头,就永远不会快乐。人生哲理,知足者常乐。珍惜现在所拥有的,你会发现你是世上最富有的人。

                        རྩོམ་སྒྲིག་པ། མྱི་གསར་བ།