ཉི་མའི་གྲོང་གི་ཟིན་ཐུང་།

    ཡིག་སྒྱུར་བ། ཆུ་སྒང་ཤཱཀྱ་ཤེས་རབ།


ཉི་མའི་གྲོང་གི་ཟིན་ཐུང་།
太阳城札记

选自.北岛诗集〈在天涯〉

རྩོམ་པ་པོ། པཱེ་ཏཱོ། ཡིག་སྒྱུར་པ། མག་མོག ཆུ་སྒང་ཤཱཀྱ་ཤེས་རབ།

生命
 
太阳也上升了
 

​ཚེ་སྲོག
 
​ཉི་མ་ཡང་དགུང་ལ་ཤར་སོང་།
 


爱情
 
恬静。雁群飞过
荒芜的处女地
老树倒下了,嘎然一声
空中飘落着咸涩的雨

 

​བརྩེ་དུང་།
 
​ལྷིང་འཇགས་ཀྱི་ངང་ནས
​ཁྲུང་ཁྲུང་གི་ཁྱུ་ཚོགས
ཐང་སྟོང་གི་ས་རྒོད་ཐོག་ཏུ་འཕུར
 
​ལྕང་རྒན་དེ་འགྱེལ་སོང
​ལྡིར་སྒྲ་ཞིག་དང་ལྷན
​བར་སྣང་ནས་སྡུག་བསྔལ་གྱི་ཆར་པ་བབས།

 
自由

 

撕碎的纸屑

 

རང་དབང་།
 
​དབྲོལ་གཏུབ་བྱས་པའི་ཤོག་རོ་ཞིག་བར་སྣང་ནས་ལྡིང་།
 

孩子
 
容纳整个海洋的图画
​叠成了一只白鹤

 
བྱིས་པ།
 
​རྒྱ་མཚོ་ཤོང་བའི་རི་མོ་དེ
​ཁྲུང་ཁྲུང་ཞིག་ལ་བཟོས།
 

姑娘
 
颤动的虹
采集飞鸟的花翎

 

​བུ་མོ།
 

​འདར་ཞིང་འགུལ་བའི་འཇའ་ཚོན་གྱིས
​བྱ་དག་གི་མཇུག་མའི་སྟེང་གི་མེ་ཏོག་བཏུས།

 

青春
 
红波浪
​浸透孤独的桨

 

​ལང་ཚོ།
 
​རླབས་རིས་དམར་པོས
​ཁེར་རྐྱང་གི་གྲུ་སྐྱ་བརླན་པ་བྱས།
 

艺术
 
亿万个辉煌的太阳
显现在打碎的镜子上

 

​སྒྱུ་རྩལ།
 
​གཟི་བྱིན་འབར་བའི་ཉི་མ་དུང་ཕྱུར་འགའ
​གས་ཆག་སུ་སོང་བའི་མེ་ལོང་དུ་ཤར།
 

人民
 
月亮被撕成闪耀的麦粒
​播在诚实的天空和土地

 

མི་དམངས།
 
​ཟླ་བ་དུམ་བུར་གཏུབས་ནས
​འོད་ཟེར་འཕྲོ་བའི་ནས་འབྲུ་རེ་རེར་བསྒྱུར
 
​དེ་དག་གཞུང་དྲང་གི
​ནམ་མཁའ་དང་ས་གཞིའི་ཐོག་ཏུ་བཀྲམ།

 
劳动

 
手,围拢地球
 

​ངལ་བརྩོན
 
​ལག་པས
​ས་གོ་ལ་གཏུམ།
 

​命运
 
孩子随意敲打着栏杆
栏杆随意敲打着夜晚

 

​ལས་དབང་།
 
​བྱིས་པས་གང་འདོད་དུ་སྒྲོམ་སྐྱོར་རྡུང
​སྒྲོམ་སྐྱོར་གྱིས་གང་འདོད་དུ་མཚན་མོ་རྡུང་།
 

信仰
 
羊群溢出绿色的注地
​牧童吹起单调的短笛

 

​དད་པ།
 
​ལུག་ཁྱུ   ལྗང་མདོག་གི་སྤང་ཐང་ནས་རྡོལ
​རྫི་ཕྲུག་གིས་འཕྲེད་གླིང་ཁེར་འབུད་བྱེད།
 

和平
 
在帝王死去的地方
那枝老枪抽枝、发芽
成了残废者的拐杖

 

​ཞི་བདེ།
 
​བཙན་པོ་འདས་ཤུལ་ནས
​མདུང་རྙིང་ལ་ཡལ་ག་སྐྱེས་ཤིང་​མྱུ་གུ་བུད་དེ
དབང་པོར་རྨས་སྐྱོན་ཕོག་པའི་སྐྱེ་བོ་དེ་དག་གི་ལག་རྟེན་ལ་གྱུར།
 
 

祖 国
 
她被铸在青铜的盾牌上
靠着博物馆发黑的板墙

 

​མེས་རྒྱལ།
 
མོ་རང  ​གཤམ་སྟོན་ཁང་གི་མུན་ཁུག་གི་གྱང་ངོས་སུ
​ཟངས་ཀྱི་ཕུབ་ཐོག་ལ་བརྐོས།
 

生活
 


​འཚོ་བ།
 
དྲྭ།



ཡིག་བསྒྱུར་པ་ངོ་སྤྲོད།
ཆུ་སྒང་ཤཱཀྱ་ཤེས་རབ། ད་ལྟ་ཕོ་ལ་༢༣ཡིན། བོད་ལྗོངས་ཆབ་མདོ་རུ་སྐྱེས། ད་བར་ནང་བསྟན་རིག་པ་ལ་སྦྱོང་བ་བྱེད་མུས་ལགས། ནན་ཅིང་སློབ་ཆེན་ནས་རྒྱ་ནག་ཡིག་རྙིང་ལ་སྦྱོང་བ་ཕྱོགས་ཙམ་བྱས།(ཆབ་སྲིད་པའི་གཏམ་ཚོགས)ཞེས་པའི་དཔེ་ཆ་ཞིག་བོད་བསྒྱུར་བྱས་ཟིན་ནས་དཔར་ལ་ཉེ། དེ་བཞིན་སྙན་ངག་དང་འགྱུར་ཡིག་འགའ་ཤས་མཚོ་སྔོན་བོད་ཡིག་དྲ་བ་དང་བཙན་པོ་དྲ་བ་སོགས་ནས་མཐོང་ཐུབ།
                                      རྩོམ་སྒིག་པ། མྱི་གསར་བ།