ཤེས་ཡོན་པའི་ཐོབ་ཐང་།

    ཡིག་སྒྱུར་བ། གྲུ་ཆུང་།


ཤེས་ཡོན་པའི་ཐོབ་ཐང་།

            
作者:边鼓 རྩོམ་པ་པོ། པེན་ཀུའུ།  
                       ཡིག་སྒྱུར་བ། གྲུ་ཆུང་།

སློབ་ཐོན་དཔང་ཡིག་ཅིག་ངེས་པར་ལེན་དགོས་”ཞེས་སེམས་ཐག་བཅད་ཡོད་པ་འདྲ།
ད་ལོར་ཁོ་ལོ་ལྔ་བཅུ་ལྷག་ལ་སོན་ཡོད། ལོ་བཅོ་བརྒྱད་ནས་བཟུང་གསར་རྩོམ་བྱས་ཏེ་ད་ལྟའི་བར་དུ་རྩོམ་ཡིག་བརྩམས་ཆོས་བརྒྱ་ལྷག་གང་སར་བཀོད་ཡོད་ལ་དེབ་འགའ་ཡང་བརྩམས་ཡོད། འོན་ཀྱང་ཁོ་ལ་སློབ་ཐོན་དཔང་ཡིག་མེད། སློབ་ཐོན་དཔང་ཡིག་མེད་ན་ཤེས་ཡོན་པར་མི་བརྩི་བ་དང་། ཤེས་ཡོན་པར་མ་བརྩིས་ན་ཤེས་ཡོན་པས་ལོངས་སྤྱོད་བྱ་ཆོག་པའི་ཐོབ་གང་ཡང་ལོངས་སྤྱོད་བྱས་ཆོག་པ་མ་རེད། དཔེར་ན་སྡོད་གནས་དང་། གླ་ཕོག དཔེ་ཆ་དང་ཚགས་ཤོག་ལ་སོགས་པ་རེད། སེམས་ནས་སྐྱིད་པོ་ཞིག་མིན་པ་ཙམ་ལས་སྒོར་མོ་ཟེར་ན་ཁོ་ལ་དཀའ་ཁག་ཅི་ཡང་མེད།

དེ་བས། ཁོས་གསར་རྩོམ་བྱ་རྒྱུ་མཚམས་བཞག་སྟེ་ཉིན་རྒྱུན་དུ་ནུས་ཤུགས་ངེས་ཅན་བཀོལ་ཏེ་མཐོ་འབྲིང་གི་གྲངས་རིག་དང་ལོ་རྒྱུས། ཆབ་སྲིད། ས་རྒྱུས། དབྱིན་ཡིག་བཅས་ལ་བསྐྱར་སྦྱོང་བྱས། འོན་ཀྱང་མཁྲེགས་སྐྱོར་མཁྲེགས་འཛིན་མི་བྱེད་པར་བསྐྱར་སྦྱོང་ཁོ་ནས་མི་ཆོག་སྟེ། མཉམ་བྱ་འགྲོལ་རྒྱུ་དང་། ཆ་ཕྲན་གྱི་བསགས། སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོ    ང་ཇོ། གཙོ་ཚིག་དང་རྗོད་ཚིག གཞུང་ཐིག་དང་འཕྲེད་ཐིག རི་བོ་དང་ཆུ་བོ།ABCསོགས་ཡིན་པས་རེད། ཁོས་མཐོ་འབྲིང་གི་བསླབ་དེབ་ནང་གི་ཤེས་བྱ་དེ་དག་བློར་མི་ཟིན་པ་མ་གཏོགས་འཚོ་བའི་གནད་དོན་ཞིབ་ཕྲ་མང་པོ་དང་ཀྲུང་ཕྱིའི་གནའ་དེང་གི་བརྩམས་ཆོས་གྲགས་ཅན་དང་རྩོམ་པ་པོ་སོགས་ནི་ཁོའི་ཡིད་ལ་ཧ་ཅང་གསལ། ཡིན་ན་ཡང་། ཇི་འདྲའི་དཀའ་ཡང་བློར་འཛིན་དགོས།དེ་བློར་ཟིན་པ་ཡིན་ན་ད་གཟོད་རྒྱུགས་ལ་རེ་བ་ཡོད་པ་རེད།

སློབ་གྲྭ་འགྲིམ་པའི་ཉིན་དང་པོར། ཁོ་སློབ་ཁང་གི་སྒོ་ཁ་ནས་དགེ་རྒན་གཞོན་པ་ཞིག་ལ་འཕྲད་པ་དང་། དེ་ནི་རྒྱུན་པར་ཁོའི་ཁྱིམ་དུ་ཡོང་ནས་རྩོམ་འབྲི་ལུགས་སློབ་པའི་“སློབ་མ”་རེད། སློབ་མས་ཁོ་སློབ་ཁྲིད་དུ་ཡོང་བ་མཐོང་ནས་ཧ་ལས་པས་ངང་ནས་“ཨ་ལ། ཁྱེད་དགུང་ལོ་འདི་འདྲ་ཆེན་པོ་ཞིག་ཀྱང་སློབ་ཐོན་དཔང་ཡིག་ཅིག་གི་ཆེད་དུ་སློབ་གྲྭར་ཡོང་བ་ཡིན་ནམ།”
   ཁོ་དགོད་ཞོར་དུ་མགོ་གཡུག་གཡུག་ཅིག་བྱས་ཏེ་ཡང་མགོ་ལྡེམ་ལྡེམ་ཞིག་བྱས། ཁོས་རང་གིས་བཏང་བའི་འགྲོ་སོང་ནི་ལོ་ཕྱེད་ཀྱི་བསྐྱར་སྦྱོང་དུས་ཚོད་ཁོ་ན་མ་ཡིན་པར་ད་དུང་མཚན་སྦྱོང་སློབ་གྲྭ་ནས་ལོ་འགར་དཀའ་སྤྱད་བྱས་པ་དེ་ཡང་ཡིན་པ་ཤེས་ཡོད། གལ་ཏེ་ལོ་འདི་དག་ལ་གསར་རྩོམ་བྱས་ཡོད་རྒྱུ་ན་་་་་་། ཧུ་་་་་་། འདང་དེ་འདྲ་མང་པོ་བརྒྱབ་ནས་ཅི་བྱ་ཨང་།

“ཁྱོད་སློབ་མཐར་ཕྱིན་རྗེས་ལས་འཁྱེར་ངལ་གསོ་ཡང་བྱས་ཆོག་རྒྱུ་རེད་ཡ་”ཞེས་དགེ་རྒན་གཞོན་པ་དེས་དེ་ལྟར་བཤད།
“དེ་འདྲ་ཡིན་ཡང་། ངས་ལས་འཁྱེར་ངལ་གསོ་མ་བྱས་སྔོན་ལ་རང་ཉིད་ཀྱང་ཤེས་ཡོན་པ་ཞིག་ཡིན་ན་བསམས་”ཞེས་ཁོས་དེ་ལྟར་བཤད་དེ་རང་ལ་ཕོག་པའི་འཕྱ་དམོད་སེལ་ཐབས་བྱས། དགེ་རྒན་གཞོན་པ་དེས་མགོ་གཡུག་གཡུག་བྱེད།ཏག་ཏག་སྐབས་འདིར། སློབ་ཁྲིད་ཀྱི་ཅོང་བརྡ་གྲགས་སོང་། “སློབ་གྲོགས་ཚོ།”ཞེས་དགེ་རྒན་གྱིས་ཁྲིད་སྟེགས་སུ་སྐད་གསེང་མཐོ་རུ་བཏང་ནས།“དེ་རིང་། ང་ཚོས་སློབ་སྐབས་འདིའི་སློབ་ཁྲིད་ཐོག་མ་འཚོགས།སློབ་ཁྲིད་འདིའི་ཁྲིད་བྱ་གཙོ་བོར་་་་་་” “བང་་་་་་”ཁོས་རང་གི་རྣ་བ་ནས་སྒྲ་ཞིག་གྲགས་པ་ཚོར།

ཁོས་སྒུག་མ་ཐུབ་དེ་ཐུབ་ཀྱིས་སློབ་ཁྲིད་གྲོལ་བར་སྒུག་ནས་གྲོལ་རྗེས།ཚིག་པ་ཟ་ཞོར་དུ་སློབ་སྟོན་ཁང་གི་གཞུང་སྒྲུབ་ཁང་དུ་སོང་ནས་མགོ་ཁྲིད་ལ་“ང་སློབ་གྲྭ་ནས་ཕྱིར་བུད་ན་འདོད།”ཅེས་བཤད། སློབ་གྲྭའི་མགོ་ཁྲིད་ཀྱིས་ཁོ་ངོ་ཤེས་པ་ཡིན། ཕལ་ཆེར་ཁོའི་སེམས་ཁམས་ཀྱང་རྒྱུས་ལོན་ཐུབ་པ་རེད། དེ་བས་ན་རེ།“རེད་ཡ། ཁྱོད་འདིར་ཡོང་ནས་དཔེ་ཆ་བཏོན་ན་དངོས་གནས་ཁྱོད་ལ་དཀའ་ལས་གཏད་ནི་རེད། དེར་མ་ཟད་སློབ་ཁྲིད་དང་པོའི་བསླབ་དེབ་ཀྱང་ཁྱོད་ཀྱིས་ལོ་ངོ་ཉི་ཤུའི་སྔོན་ལ་བྲིས་པའི་གསུང་རྩོམ་རེད”ཅེས་བཤད། “མིན།”ཁོས་གསལ་བཤད་བྱེད་ཞོར་དུ་“ངས་དུས་ཚོད་དམ་འཛིན་བྱ་འདོད་པ་ཡིན་་་་་་”ཞེས་ཁོས་མི་དགའ་དགའ་མདོག་ཅིག་སྟོན་རྒྱུ་ལས་ཚིག་གཅིག་ཀྱང་བཤད་མ་ཐུབ།

                                  རྩོམ་སྒྲིག་པ། མྱི་གསར་བ།