A Dedication

    ཡིག་སྒྱུར་བ། སྨྲ་རྒོད།


A Dedication

                lang leav

 
She lends her pen,
           to thoughts of him,
        that flow from it,
      in her solitary,
 
For she is his poet,
            And he is her poetry.

 

 བསྔོ་བྱང་།
 
ཁེར་རྐྱང་ངང་འཚོ་བའི་ཁྲོད།
སྐྱེས་པ་དེ་དྲན་པའི་ཀློང་ནས།
མོས་སྨྱུ་གུ་ཞིག་ལག་པས་གཡོར།
 
རྒྱུ་མཚན་ནི
མོ་ནི་ཁོའི་སྙན་ཚིག་དང་།
ཁོ་ནི་མོའི་སྙན་ངག་མཁན་ཡིན་པས་སོ།
 

A Toast
 
To new beginning,
          in fear and faith
         and all it tinges.
 
To love is dare,
         When hope and despair,
         are gates upon it hinges.

 

ཞབས་ཏག
 

ཡིད་ཆེས་དང་འཇིགས་སྐྲག་ཐམས་ཅད།
དབུ་འབྱེད་གསར་པ་ཞིག་གི་དོན་
སྙིང་ཡིན།
 
ནམ་ཞིག  རེ་བ་དང་ཡིད་ཆད་དེ་དག
སྒོ་མོ་ཞིག་གི་ལྟེབས་སྒྲོག་ཡིན་ཚེ།
བརྩེ་དུང་ནི་ཕོད་སེམས་ཤིག་གོ

 
Just Friends
 
I know that i don't own you,
and perhaps i never will,
so my anger when you're with her,
I have no right to feel.
 
I know that you don't owe me,
and i shouldn't ask for more;
I shouldn't feel so let down,
all the times when you don't call.
 
What I feel — I shouldn't show you
so when you're around i won’t;
I know I’ve no right to feel it—
but it doesn't mean I don’t.

  

གྲོགས་པོ་ཙམ།
 
ངས།   ཁྱོད་ང་ལ་མི་དབང་བ་ཤེས་ལ།
ཕལ་ཆེར་དབང་བའང་མི་སྲིད།
དེས་ན་ཁྱོད་ཁོ་མོ་དང་མཉམ་དུ་ཡོད་ཚེ།
ང་ཁོང་ཁྲོ་བའི་ཐོབ་ཐང་མེད།
 
ངས།  ཁྱོད་ཀྱིས་ང་ལ་ཅི་ཡང་ཆད་མེད་པ་ཤེས་ལ།
ངས་ད་དུང་ཁྱོད་ལ་རེ་བསྐུལ་བྱེད་མི་འོས།
ནམ་ཡང་ཁྱོད་ཀྱིས་ཁ་པར་མི་གཏོང་བ་དེར།
ངས་བློ་ཕམ་ཚད་མེད་བྱེད་མི་འོས།
 
ངས་གང་ཞིག་ཚོར་བ་དེ།  ངས་ཁྱོད་ལ་སྟོན་མི་དགོས།
ཁྱོད་ཉེ་འགྲམ་དུ་ཡོད་ནའང་དེ་ལྟར་ཏེ།
ངས་དེ་ལྟར་ཚོར་བའི་ཐོབ་ཐང་མེད་པ་ཤེས་མོད།
འོན་ཀྱང་ངས་དེ་ལྟར་ཚོར་མེད་པ་ག་ལ་མཚོན་ཐུབ།


Xs and Os
 
Love is a game
of tic-tac-toe,
constantly waiting,
for next x or o.


X དང་O དག
 
བརྩེ་དུང་ནི
ཁྲོམ་ཐིག་གི་རྩེད་མོ་ཞིག་སྟེ།
རྟག་ཏུ་ x དང་ o
ཕྱི་མ་དེར་སྒུག་ནས་ཡོད།
 

A Dangerous Recipe
 
To love him
is something,
i hold highly
suspicious.
 
Like having something,
so very delicious—
then being told,
to do the dishes.


གཡོས་སྦྱོར་ཉེན་ཁ་ཅན།
 
ཁོང་ལ་དགའ་བ་ནི
དོགས་ཚབས་ཆེན་པོ་ཞིག
ཆེས་གཙིགས་སུ་འཛིན་པ་སྟེ།
 
ཆེས་བྲོ་བ་ལྡན་པའི།
ཟས་ལ་རོལ་ཟིན་པའི་རྗེས།
ཕོར་བ་དག་བཀྲུས་ཤིག
ཅེས་བརྗོད་པ་དང་མཚུངས།
 

When Ignorance Is Bliss
 
I deplore,
being ignored.
 
For—
I am not a bore!
 
But its perplexing sweet,
and quite sexy too—
to be ignored,
ignored by you.
 

ནམ་ཞིག་མི་ཤེས་པ་ཉིད་བདེ་བ་ཡིན་པའི་ཚེ།
 
ང་སྣང་མེད་ངང་སྐྱུར་དུས།
ཡིད་སེམས་སྐྱོ་མྱོང་།
 
དེ་ཆེད་དུ
ང་ལ་སུན་སྣང་སྐྱེ་མ་མྱོང་།
 
འོན་ཀྱང་སྣང་མེད་དུ་ལུས་པའི་གོ་རིམ་ནི།
ཆེས་ཡིད་ན་སྡུག་ཅིང་།
ཅུང་ཙམ་འདོད་ཚོར་ཅན་ཞིག་ཀྱང་སྟེ།
སྣང་མེད་དུ་སྐྱུར་མཁན་ནི་ཁྱོད་ཡིན་པས་སོ།།

 

Heart On The Line
 
Love is good,
it is never bad—
but it will you drive you mad!
 
When it is given to you,
in dribs and drabs.


ཡིག་ཕྲེང་སྟེང་གི་སྙིང་།
 
བརྩེ་དུང་ནི་ལེགས་ཏེ།
ངན་པ་ཡིན་མི་སྲིད།
འོན་ཀྱང་དེས་ཁྱོད་མྱོས་པར་བྱེད་ངེས།
 
ནམ་ཞིག་ན་ཁྱོད་ལ་གང་དེ།
ཡན་ཡུན་ཙམ་ཐོབ་པ་དེའི་ཚེ།

           སྨྲ་རྒོད་ཀྱིས་བསྒྱུར།
                      རྩོམ་སྒྲིག་པ། མྱི་གསར་བ།