རིག་གནས་མིའི་རིགས་རིག་པའི་སྐོར།

    ཁྲིད་མཁན། ཚེ་དབང་རྡོ་རྗེ།


རིག་གནས་མིའི་རིགས་རིག་པའི་སྐོར།
 
    ཁྲིད་མཁན། ཚེ་དབང་རྡོ་རྗེ།
                 ཟིན་ཐོར་བསྡུ་སྒྲིག་པ། ལྕགས་རྩེ།

བྱུང་དུས།
    དུས་རབས་བཅུ་དགུ་པའི་དུས་དཀྱིལ་ལམ་དུས་སྨད་ལ་ཡོ་རོབ་གླིང་དུ་དར།    རྒྱ་ནང་དུ་དར་ནས་ལོ་བརྒྱ་སོང་ཟིན།   བོད་ལ་མཚོན་ན་རིག་གནས་མིའི་རིགས་རིག་པ་སྦྱང་ཡོད་མཁན་ཁར་སྨེ་དང་ནམ་མཁའི་ནོར་བུ།   ཁངས་དཀར་ཚུལ་ཁྲིམས་སོགས་འགའ་ཞིག་མ་གཏོགས་མེད།
   
ཞིབ་འཇུག་བྱ་ཡུལ།
    འགྲོ་བ་མི་རང་ཉིད་ལ་ཞིབ་འཇུག་བྱེད་པ།  (འགྲོ་བ་མིའི་རིགས་ཀྱི་སྐོར་གྱི་ཚན་རིག)  ཆེ་ཕྱོགས་ནས་དབྱེ་ན་གཟུགས་གཞི་མིའི་རིགས་རིག་པ།   རིག་གནས་མིའི་རིགས་རིག་པ།
     གཟུགས་གཞི་མིའི་རིགས་རིག་པ་ནི།    མིའི་ལུས་ཀྱི་ཆགས་སྟངས་ཏེ།   གདོད་མའི་སྦྲ་མི་ནས་ད་ལྟའི་མིའི་ཤ་མདངས་དཀར་ནག་སོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ལ་ཟེར།
     རིག་གནས་མིའི་རིགས་རིག་པ་ནི།   དད་མོས་དང་ཡུལ་སྲོལ་གོམས་གཤིས།   སྤྱི་འཚོགས་རྩ་འཛུག་སོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ལ་ཟེར།
    
མིའི་རིགས་རིག་པའི་གྲུབ་མཐའ་རིམ་འཕེལ།
 
1  (༡༩དཀྱིལ)གནའ་རབས་འཕེལ་འགྱུར་སྨྲ་བ།
     དར་ཝན་གྱི་མིའི་རིགས་རིག་པའི་གནའ་རབས་འཕེལ་འགྱུར་སྨྲ་བའི་སྲོལ་བཏོད།  (ཞིབ་འཇུག་གི་ལས་ཁུངས་བཙུག་པ་སོགས་བྱས)   འཕེལ་འགྱུར་སྨྲ་བའི་གྲུབ་མཐའི་ལྟ་བ་གཙོ་བོ་འགྲོ་བ་མིའི་རིགས་དང་རིག་གནས་སོགས་དམའ་རིམ་ནས་མཐོ་རིམ་སོགས་སུ་འཕེལ་འགྱུར་བྱུང་བར་སྨྲ།  མིའི་རིགས་དམུ་རྒོད་དང་གླ་གློའུ།   ཤེས་རིག་དུས་རིམ་སྟེ་རིམ་པ་གསུམ་དུ་འཕེལ་འགྱུར་བྱུང་བར་འདོད།
      (མིའི་རིགས་རིག་པའི་རྨང་གཞི་ནི།   ༡ཡོ་རོབ་གླིང་གི་མི་རྣམས་ཕྱོགས་ཀུན་ལ་ཡུལ་སྐོར་བྱས་ནས་མིའི་འཚོ་བར་ཞིབ་འཇུག་ནན་མོ་བྱས་པ་དང་།  ༢མི་སེར་སྤེལ་བའི་ཉོ་ཚོང་བྱས་པ་ཡིས་མི་རིགས་ལ་ཞིབ་འཇུག་བྱས་པ་དང་།    ༣འཕེལ་འགྱུར་སྨྲ་བ་བཅས་ཀྱིས་མིའི་རིགས་རིག་པར་རྨང་གཞི་བསྐྲུན) 
     རིག་གནས་མིའི་རིགས་རིག་པའི་སྐབས་ཀྱི་རིག་གནས་ཟེར་བ་ནི་གཞུང་ལུགས་ཀྱི་མ་ལག་ཚང་བ་སོགས་ལ་མི་གོ་བར།    འགྲོ་བ་མིའི་རིགས་ཀྱི་རྒྱུན་ལྡན་གྱི་བྱ་སྤྱོད་ཀྱི་ཁྲོད་ན་གནས་བསྡད་ཡོད་པ་ཆ་ཚང་རིག་གནས་སུ་འདོད།    
     གནའ་རབས་འཕེལ་འགྱུར་སྨྲ་བས་འཛམ་གླིང་གི་རིག་གནས་ཚང་མ་ཐིག་རྐང་གཅིག་གི་སྟེང་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་སྨྲ།  འཛམ་གླིང་ཡོངས་རང་བྱུང་གི་ཆོས་ཉིད་ལྟར་འགུལ་བསྐྱོད་བྱེད་པ་ཡིན་ཞེས་སྨྲ། (མིའི་འཕེལ་རྩ་གཅིག་ཡིན་ཡང་འགའ་ཞིག་སྔོན་ཐོན་དང་འགའ་ཞིག་རྗེས་ལུས་ཡིན་པ་ལ་བརྟེན་རིགས་རྒྱུད་རིང་ལུགས་ཀྱི་ལྟ་བ་ཞེས་པ་བྱུང་།   འཇར་མན་གྱི་ཤེའུ་ཐུ་ལིས་རིའན་མེན་ཙུའུ་མཆོག་གྱུར་དང་།   ཡི་ཐེ་པ་དམན་པར་བཟུང་ནས་ཡི་ཐེ་པ་ཁྲི་དྲུག་ལྷག་བསད།    བསམ་བློ་འདིའི་འབྱུང་རྩ་ནི་གནའ་རབས་འཕེལ་འགྱུར་སྨྲ་བའི་ཐིག་རྐང་གཅིག་གི་སྟེང་ནས་སྨྲ་བ་ནས་བྱུང་བ་ཞིག་ཡིན)
      གནའ་རབས་འཕེལ་འགྱུར་སྨྲ་བ་ལྟར་ན།  རིག་གནས་ཀྱི་ཁུངས་བཙལ་དགོས་ན་ཆོས་ལུགས་ཀྱི་ཁུངས་བཙལ་དགོས།  འགྲོ་བ་མིའི་རིགས་བྱུང་ནས་ལོ་ཁྲི་སུམ་བརྒྱ་འགོར་ཡོད་ཅིང་།   ཆོས་ལུགས་ཀྱི་འདུ་ཤེས་བྱུང་ནས་ལོ་ཁྲི་བཅུ་སོང་ཡོད་པ་དང་།   དེ་ལྟར་ཡིན་པ་དུར་སྦས་བྱེད་སྟངས་ཀྱི་ཐོག་ནས་ཤེས་རྟོགས་བྱུང་།   (ཁྲི་བཅུའི་རྗེས་ཀྱི་རྫ་ཆས་ཀྱི་སྟེང་ལ་ཁུང་བུ་ཞིག་ཕུད་ཡོད་ལ།   ཁུང་བུ་དེ་ནི་མིའི་བླའམ་རྣམ་ཤེས་འགྲོ་ས་ཡིན་པར་སྨྲ)   ཆོས་ལུགས་ཀྱི་འབྱུང་རྩའི་ཐོག་དང་པོའི་ལྟ་བ་ནི་དངོས་ཀུན་བླ་ཡོད་སྨྲ་བ་ཞེས་པ་འདི་ཡིན།   གདོད་མའི་མིས་ཆུ་ནང་དུ་གཟུགས་ཤར་བ་དང་གྲིབ་མ་དང་བྲག་ཆ་སོགས་ངོས་འཛིན་བྱེད་མི་ནུས།   རྨི་ལམ་ལ་ངོས་འཛིན་བྱེད་མ་ཐུབ་པས་བླ་ཞེས་པ་བྱུང་།   
     (མིའི་རིགས་པར་མཚོན་ན་ཞིབ་བསྡུར་ཐབས་ལམ།   ཁུངས་འདེད་ཐབས་ལམ།   ལྷག་ལུས་ཐབས་ལམ།    སྡོམ་རྩིས་ཐབས་ལམ་བཅས་མེད་མི་རུང་བ་ཡིན)   རིག་གནས་མིའི་རིགས་རིག་པས་ལུང་ཁས་གཏན་ནས་མི་ལེན།
      (ནང་ཚན)  མོའར་ཀུན་(མྱི་དཀར།  ཁྲིམས་རྩོད་པ།   ཨན་དེ་ཨན་ན-གདོད་མའི་འཚོ་བར་ལོག་ནས་ལོ་བཞི་/ལ་བསྡད་པ)གྱིས་རྨོང་མུན་དང་དམུ་རྒོད་དང་ཤེས་རིག་བཅས་གསུམ་ལ་དམའ་རིམ་འབྲིང་རིམ་མཐོ་རིམ་བཅས་གསུམ་དུ་དབྱེ་བ།    དང་པོའི་དམའ་རིམ་ནི་ཤིང་ཏོག་ཟས་སུ་ཟ་བ།   དང་པོའི་འབྲིང་རིམ་ཉ་ཤ་ཟ་བ་དང་མེ་བཀོལ་ཤེས་པ།   དང་པོའི་མཐོ་རིམ་མཚོན་ཆ་མདའ་གཞི་བཟོ་ཤེས་པ།   གཉིས་པའི་དམའ་རིམ་རྫ་ཆས་བཟོ་ཤེས་པ།   གཉིས་པའི་འབྲིང་རིམ་ཤར་ཕྱོགས་པས་རི་དྭགས་སྒོ་ཟོག་བྱེད་པ་དང་།  ནུབ་ཕྱོགས་པས་ཞིང་ལ་ཆུ་འདྲེན་ཤེས་པ།   གཉིས་པའི་མཐོ་རིམ་ལྕགས་རིགས་བཞུ་སྦྱང་བྱེད་ཤེས་པ།   གསུམ་པ་ནི་ཤེས་རིག་སྟེ་ཡི་གེ་སོགས་གསར་བཟོ་བྱས་པ་ལ་འདོད།   (མར་ཁེ་དང་ཨེན་ཀེ་གཉིས་ཀྱིས་དེ་ལ་བསྟོད་པ་རྒྱ་ཆེར་བྱས)
      (ནང་ཚན)   ཧྥུ་ལོ་ཚུས་མིའི་རིགས་ཀྱི་ཤེས་རིག་འདི་གདོད་མ་ནས་འཕེལ་བ་ལ་གོམ་པ་གསུམ་སོང་བར་འདོད་པ་སྟེ།  མཐུ་ཆས་དུས་རབས་(རང་བྱུང་ཁམས་ལ་ཕར་རྒོལ་བྱེད་པའི་སྐབས)དང་ཆོས་ལུགས་དུས་རབས(མགོ་སྒུར་བའི་དུས་སྐབས)།   ཚན་རིག་གི་དུས་རབས་(ཆོས་ཉིད་དུ་རྟོགས་པ)བཅས་གསུམ་དུ་འདོད།
     (ཐུའུ་ཐུན་ཞེས་པ་ལ་དཔྱད་པ་གཏོང་དགོས)
2  བརྒྱུད་སྤེལ་སྨྲ་བའི་གྲུབ་མཐའ།
      འདི་པ་ཚང་གིས་གནའ་རབས་འཕེལ་འགྱུར་སྨྲ་བས་རིག་གནས་ཀྱི་འདྲ་བའི་ཆ་མིའི་རིགས་ཀྱི་སེམས་ཁམས་དང་འདོད་མོས་འདྲ་བའི་རྒྱུ་མཚན་ལ་འདོད་པ་དེ་མ་ཡིན་པར།   རིག་གནས་འདྲ་བའི་རྒྱུ་མཚན་ནི་ཁུངས་གཅིག་ལས་མེད་པ་སྟེ།   ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་ནས་སོང་བ་དེ་ཡིན་པར་འདོད།       
       (ནང་ཚན) ལ་ཙིར།   འཕེལ་འགྱུར་གྲུབ་མཐའི་དུས་ཚོད་ཀྱི་ཆ་ནས་རིག་གནས་ལ་ཞིབ་འཇུག་བྱེད་པ་ལྟར་མ་ཡིན་པར།   འདི་པས་ས་ཁྲའི་སྟེང་ནས་གང་གི་རིག་གནས་གང་དུ་ཇི་ལྟར་བརྒྱུད་སྤེལ་བྱས་པ་འཚོལ་བར་བྱེད།  (ཨེ་ཅིབ་ལྟེ་བ་བྱས་པར་མངོན)  མི་རིགས་ཕུལ་བྱུང་བས་རིག་གནས་གསར་གཏོད་བྱེད།   མི་རིགས་ཕུལ་བྱུང་མ་ཡིན་པ་དག་གིས་རིག་གནས་དེ་དག་གཡོར་ལེན་བྱེད།   རྒྱ་མཚོ་ཆེན་པོས་ཆོད་ཀྱང་རུང་མི་རིགས་དེ་གཉིས་ལ་རིག་གནས་འདྲ་བ་ཞིག་ཡོད་ན་སྔོན་ཆད་མི་རིགས་དེ་གཉིས་ལ་འབྲེལ་འདྲིས་བྱས་མྱོང་བའི་ཁྱབ་པར་སྨྲ།   རིག་གནས་མི་འདྲ་བ་གཉིས་ཐོག་མར་ཕན་ཚུན་མི་འགྲིག   རིམ་བཞིན་ཕན་ཚུན་འདྲེས་པར་འགྱུར།
     ཧྲི་མས་སི་ཟེར་བ་ཞིག་གིས་ཧ་ཅང་ཐལ་ཆེས་ཏེ་འཛམ་གླིང་གི་རིག་གནས་ཡོད་ཚད་ཀྱི་ཁུངས་ཨེ་ཅིབ་ཡིན་ཞེས་ཟེར།
 
3  ལོ་རྒྱུས་དམིག་གསལ་སྨྲ་བའི་གྲུབ་མཐའ།
     པོའར་སིའི་ལྟ་བ།  འདི་པ་ཚང་གིས་གྲུབ་མཐའ་དང་པོ་གཉིས་ཀར་དགག་པ་གཏོང་།   ཅི་ལྟར་གཏོང་ཞེ་ན།   ཐིག་རྐང་གཅིག་གི་སྟེང་ནས་འཕེལ་བར་སྨྲ་བ་ལ།   འགའ་ཞིག་དར་ཞིང་འགའ་ཞིག་ཉམས་པ་སོགས་ཀྱིས་སྐྱོན་བརྗོད་བྱེད།   (སྤྱི་ལ་ཁྱབ་པ་ཞིག་གཏན་དུ་རྙེད་པར་མི་འགྱུར་ཞེས་སྨྲ།   མ་ཟད་རིགས་རྒྱུད་ཀྱི་གནད་དོན་ལ་དགག་པ་ཚ་ནན་གཏོང)  བརྒྱུད་སྤེལ་སྨྲ་བ་ལའང་དེ་ལྟར་བྱས་པ་ཡིན་པའི་ངེས་པའང་མེད་པར་འདོད།      
     འདི་པ་ཚང་གིས་རིག་གནས་གང་ལ་ཞིབ་འཇུག་བྱེད་དགོས་ན་རང་རང་སོ་སོའི་རིག་གནས་ལ་ཞིབ་འཇུག་བྱ་བ་ལས་ཐབས་མེད་པར་འདོད།   རང་གི་རིག་གནས་ཀྱི་ལྟ་གྲུབ་སྤྱད་ནས་གཞན་གྱི་རིག་གནས་ཀྱི་ཚད་གཞལ་བར་མི་འགྲིག་པར་ལྟ།(འདི་དག་རིགས་རྒྱུད་རིང་ལུགས་ལས་བྱུང་བར་སྨྲ)   རིག་གནས་ལ་ཞིབ་འཇུག་བྱེད་དགོས་ན་ཡོངས་ཁྱབ་དང་ངེས་གཏན་གྱི་ཚད་གཞི་ཞིག་མེད་པར་འདོད།   མི་རིགས་རང་རང་གི་རིག་གནས་ལ་རིག་གནས་ཀྱི་རིན་ཐང་ཞིག་ཡོད་ལ་རིན་ཐང་ཐམས་ཅད་འདྲ་འདྲ་ཡིན།   རིག་གནས་ལ་མཐོ་དམན་མེད་པ་དང་།  རིག་གནས་གང་ལའང་སྔོན་ཐོན་དང་རྗེས་ལུས་སོགས་དབྱེ་རྒྱུ་མེད་ཅེས་སྨྲ་ལ།   རིག་གནས་གང་དང་གང་ཡིན་ཡང་འཁོར་ཡུག་གིས་ཐག་གཅོད་པར་འདོད།  
     གྲུབ་མཐའ་འདི་པའི་ཕྱིར་རྗེས་གཙོ་བོ་ནི་མི་རིགས་རིག་པ་དར་བ་ནས་བཟུང་བྱུང་བའི་རིགས་རྒྱུད་རིང་ལུགས་མེད་པར་བྱས་པ་དེ་གཙོ་བོ་གཅིག་ཡིན།
     <<གཏམ་རྒྱུད་གསེར་ཐང>>ནི་མིའི་རིགས་རིག་པའི་རིག་གཞུང་གལ་ཆེན་ཞིག་ཡིན་པ།  རྒྱ་ཡིག་ལ་འགྱུར་བ་ན་རྒྱའི་མཁས་པ་མང་པོས་དགེ་འདུན་ཆོས་འཕེལ་གྱིས་མིའི་རིགས་རིག་པ་སྦྱང་འདུག་ཅེས་སྨྲས་པ།
 
4   སྤྱི་འཚོགས་རིག་པ་སྨྲ་བའི་གྲུབ་མཐའ།
      དོའར་ཁུར་མོའི་ལྟ་བ།   (བརྩམས་ཆོས།   <<ཆོས་ལུགས་འཚོ་བའི་དམའ་རིམ་རྣམ་པ>>ཞེས་པ་ཡོད།   ཁོའི་བུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་དམག་ལ་ཞུགས་ནས་ཚེ་ལས་འདས་ཤིང་།   ཁོས་དེ་ལ་སེམས་སྡུག་བྱས་ནས་སྔ་མོ་ནས་ཀྲོང་།   འཛམ་གླིང་གི་མི་མང་པོས་དེ་ནི་གྱོང་རྒུད་ཆེན་པོ་ཞིག་ཏུ་རྩི)   གྲུབ་མཐའ་སྔ་མ་དག་དང་འདྲ་བར་ཆོས་ལུགས་ལ་ཞིབ་འཇུག་བྱེད་པར།  ཁོ་ཚོས་དད་པ་དང་བསྟོད་སྨད་གང་ཡང་མི་བྱེད་པར།   རིག་གནས་ཤིག་གི་ཚད་ནས་ཞིབ་འཇུག་བྱེད།   (ཆོ་ག་ལ་ཞིབ་འཇུག་བྱེད་པ་ལས་ཆོས་ལུགས་ཀྱི་ལྟ་བར་ཞིབ་འཇུག་མི་བྱེད)
       ཁོས་ཆོས་ལུགས་ལ་དཔྱད་པ་གཏོང་སྐབས།   ཆོས་ཐམས་ཅད་ལ་ཕྱོགས་གཉིས་ནས་ལྟ་དགོས་པར་འདོད།  དེ་ཡང་བྱིན་རླབ་ཅན་དང་འཇིག་རྟེན་ཅན་གཉིས་ཡིན་ལ།   (དང་པོ་དངོས་པོ་ཞིག་ལ་མིའི་རིགས་ཀྱི་ཤེས་རིག་དང་དད་མོས་འདྲེས་བསྡད་ཡོད་པ་དེ་ཡིན་ཞིང་།   གཉིས་པ་ནི་དངོས་པོ་ཕལ་བ་རྣམས་ཡིན)   འཇིག་རྟེན་ཅན་གྱི་དངོས་པོ་ཞིག་བྱིན་རླབ་ཅན་དུ་འགྱུར་དགོས་ན་ངེས་པར་བརྒྱུད་རིམ་ཞིག་སྤེལ་དགོས་པར་སྨྲ།
     ཡང་ཕྱོགས་གཞན་ཞིག་ནས་ཆོས་ལུགས་ཟེར་བ་ཆོ་ག་དང་དད་མོས་གཉིས་སུ་དབྱེ།   ཁོས་ཆོ་ག་ཟེར་བ་དེ་ཕྱག་འཚལ་བ་དང་མ་ཎི་འདོན་པ་སོགས་ལའང་བཞེད།   ཁོས་ཀྱང་ཆོས་ལུགས་ཀྱི་ལྟ་དགོངས་གལ་ཆེན་ཞིག་མ་ཡིན་པར་/དེ་ནི་ཆོས་ལུགས་རིག་པའི་གནད་དོན་དུ་འདོད།   
     ཁོས་ལྟ་གྲུབ་གཙོ་བོ་གོང་གི་ཆོས་ཀུན་བླ་ཡོད་སྨྲ་བར་དགག་པ་གཏོང་།  ཁོས་ཆོས་ལུགས་ཀྱི་ཐོག་མའི་འབྱུང་ས་སྤྱི་འཚོགས་ཡིན་པར་སྨྲ།   སྤྱི་འཚོགས་ཀྱི་དད་མོས་དངོས་པོ་སོགས་ལ་ཞུགས་པར་བྱས་པ་སྟེ།  དད་མོས་ཀྱི་ཁུངས་སྤྱི་འཚོགས་ལ་ཐུག་པས་སོ།།
     མིའི་རིགས་རིག་པ་བས།   ཆོས་ལུགས་ཀྱི་བྱེད་ནུས་ནི།   ཆོས་ལུགས་ལྟེ་སྙིང་ནི་དགོངས་དོན་མ་ཡིན་པར་ཆོ་ག་ཡིན།   ཞེས་དང་།   ཆོས་ལུགས་ཆོ་གའི་བྱེད་ནུས་ནི་རིན་ཐང་དང་བྱ་སྤྱོད་རྣམ་པ་གང་ཡང་ཇེ་ལེགས་སུ་གཏོང་བ་དང་ཆོས་ལུགས་ཀྱི་བྱེད་ནུས་ནི་སྤྱི་འཚོགས་དང་མི་སྒེར་ཞིག་རིམ་པ་གཉིས་སུ་ཐོན་པར་བྱེད་པ་ཡིན།  
     སྤྱི་འཚོགས་ཡོངས་ལ་བྱེད་ནུས་ཅི་ཞིག་ཐོན་པ་ཡིན་ཞེ་ན།   གཅིག།   ཆོས་ལུགས་ཀྱིས་ཐུན་མོང་ཚོགས་པ་ཞིག་གི་བརྩེ་དུང་དང་འདུ་ཤེས་ཕན་ཚུན་ལ་བརྗེ་རིས་བྱེད་པ་ཡིན།   (དཔེར་ན་བླ་མ་གཅིག་དང་ཆོས་ལུགས་གཅིག་པའི་དབང་གིས་མཐུན་སྒྲིལ་ཇེ་ལེགས་སུ་གཏོང་བ)   གཉིས།   ཆོས་ལུགས་ཀྱིས་སྤྱི་འཚོགས་འབྲེལ་བ་དང་བསམ་བློ་ཀུན་སྤྱོད་སོགས་ཚད་ལྡན་དུ་གཏོང་བ།  (བཅའ་ཁྲིམས་ཀྱིས་གཅུན་མི་ཐུབ་པ་ཆོས་ལུགས་ཀྱིས་གཅུན་ཐུབ)
     མི་སྒེར་ལ་ཆོས་ལུགས་ཀྱིས་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ཐུབ་པ།  (མིའི་རིགས་རིག་པས་དངོས་གནས་སྟོབས་ཤུགས་སྦྱིན་ཐུབ་མིན་ལ་ཁ་ཡ་མི་བྱེད།   གང་ལྟར་ཡང་མི་སྣ་དེ་ལ་ནུས་པ་ཐོན་བཞིན་ཡོད)   མི་སྒེར་གྱི་སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ་པ།   (དཔེར་བརྗོད་བུན་ཁྲོན་ས་ཡོམ་སྐབས་ནུས་པ་ཐོན་ཡང་ཡུལ་ཤུལ་ས་ཡོམ་སྐབས་རྒྱའི་སེམས་ཁམས་སྨྲ་བས་གོབ་མ་ཆོད་པར་ཆོ་གས་ནུས་པ་ཐོན་པ་ལྟ་བུ)
     (ཞོར་འབྱུང)  ཤིའི་ལིའི་མོ་ཧྲི།   (ཁོ་རང་གདོད་མའི་མི་རིགས་ཤིག་ལ་སོང་བ་ན་་་་་ལེགས་སྐྱེས་ཀྱི་རྣམ་པ་ཞིག་མཐོང་ཞིང་་་་་དེ་ནས་ལེགས་སྐྱེས་ལ་ཞིབ་འཇུག་བྱས་པ་་་)   ཕྱོགས་ཡོང་བྲམ་ཟེའི་ལམ་ལུགས་ཞེས་འབོད་པ།   དོན་དུ་ཁོས་ལེགས་སྐྱེས་སྐོར་ལ་ཞིབ་འཇུག་ནན་དན་བྱས་པ་དང་།   མི་ནི་འབྲེལ་བའི་དྲ་བ་ཞིག་ཏུ་ཡོད་ཅིང་།   འབྲེལ་བ་རྒྱུན་འཛིན་བྱེད་སྤྱད་ནི་ལེགས་སྐྱེས་ཡིན་པ་རེད།  མི་དང་ལྷའི་བར་ལའང་འབྲེལ་བ་དེ་ཡོད་པར་འདོད།   (བོད་ལ་མཚོན་ན་གསང་མཆོད་སོགས་ལྟ་བུ་རེད)
5  དབྱིན་ཇིའི་བྱེད་ནུས་རིང་ལུགས་ཀྱི་གྲུབ་མཐའ།
      འདི་པས་རིག་གནས་ཀྱི་ཁུངས་བཙལ་བར་མི་བྱེད།   གྲུབ་མཐའ་སྔ་མ་དག་ལ་ཡིད་སྟོན་རུང་བའི་བདེན་དཔང་སོགས་མེད་པས་དགག་པ་གཏོང་བར་བྱེད་ཅིང་།  དོན་ཆེན་པོ་མེད་པར་སྨྲ།    འདི་པས་ད་ལྟའི་རིག་གནས་ཀྱིས་དངོས་ཡོད་སྤྱི་འཚོགས་ལ་བྱེད་ནུས་གང་ཞིག་ཐོན་པར་ཞིབ་འཇུག་བྱེད་པས་ན་བྱེད་ནུས་རིང་ལུགས་སུ་བཏགས།  
       གྲུབ་མཐའ་འདིའི་སྲོལ་འབྱེད་པ་དབྱིན་ཇི་བ་པོའོ་བེ་ཨར་དང་མ་ནེན་ནོ་ཧྥོ་སི་ཆིས་གཉིས་ཡིན་ལ།   ཁོས་རིག་གནས་མིའི་རིགས་རིག་པ་ལ་ཞིབ་འཇུག་བྱེད་སྟངས་གཉིས་ཡོད་པར་སྨྲ་ཞིང་།   དེ་གཉིས་ནི་དུས་འདས་རང་བཞིན་དང་དུས་ཉེ་རང་བཞིན་གཉིས་ཡིན།   དང་པོ་ལ་དུས་ཚོད་དང་གཉིས་པ@@ལ་ཞིབ་འཇུག་བྱེད་པ་ཡིན་ལ།   @@ཞེས་པ་ནི་འཐད་པར་འཛིན་ཞིང་ནང་དོན་གཞན་དང་བསྡུར་བ་སྟེ་ད་ལྟའི་གནས་བབས་ལ་ཞིབ་འཇུག་བྱེད་པ་དེ་ཡིན།  དུས་ཚོད་འདེད་པ་ནི་དགོས་པ་ཆུང་བར་འདོད།   
      ཁོང་གཉིས་ཀྱིས་རིག་གནས་གང་དང་གང་ཡིན་ཡང་མ་ལག་ཧྲིལ་བོ་ཞིག་གིས་གྲུབ་པར་འདོད་ཅིང་།   མ་ལག་དེ་ཡང་ཡན་ལག་ཉིང་ལག་སོགས་ཀྱིས་གྲུབ་པར་འདོད།   ཡན་ལག་ཉིང་ལག་དེ་དག་གིས་མ་ལག་དེ་ལ་བྱེད་ནུས་གང་ཐོན་བཞིན་ཡོད་པར་ཞིབ་འཇུག་གཙོ་བོ་བྱ་དགོས་པར་འདོད།   དེ་ནས་མ་ལག་ཧྲིལ་བོ་ལ་ཞིབ་འཇུག་བྱ་དགོས།  (ཐོའུ་ཐེ་སྐོར་འདིར་ཟིན་འགོད་མ་བྱས)    
      མ་ནེན་ནོ་ཧྥོ་སི་ཆི་ཡིས་རིག་གནས་ཅིའི་ཕྱིར་བྱུང་བ་ཡིན་ཞེ་ན།   མིའི་རིགས་ཀྱི་དགོས་མཁོ་ག་གེ་མོ་བསྐོང་ཕྱིར་བྱུང་བ་ཡིན་པར་འདོད།   མིའི་རིགས་ལ་དགོས་མཁོ་གང་ཡོད་ཅེ་ན་གཉིས་ཡོད་པ་སྟེ།  རྩ་བའི་དགོས་མཁོ་དང་འཕྲལ་དོན་གྱི་དགོས་མཁོ་གཉིས་སོ།།   རྩ་བའི་དགོས་མཁོ་ནི་འབུ་སོགས་དང་འདྲ་བར་ལྟོ་བརྒྱག་རྒྱབ་དྲོ་དགོས་པ་སོགས་ཡིན།   དེ་མ་ཡིན་པར་འཕྲལ་དོན་གྱི་དགོས་མཁོ་ནི་རིག་གནས་དགོས་མཁོ་རེད།   (དགོས་མཁོ་གསར་བ་ལ་རིག་གནས་གསར་བ་བྱུང)
       མ་ལེ་ནོའུ་སི་ཆི་གོང་གི་མཐུ་ཆས་དང་ཆོས་ལུགས་དང་ཚན་རིག་གི་གོམ་པ་གསུམ་ཞེས་པར་འཐད་པ་མིན།   ཁོས་དེ་དག་དུས་མཉམ་དུ་གནས་ཡོད་ཟེར།   ད་དུང་ཁོས་ཆོས་ལུགས་ཀྱི་འབྱུང་རྩ་འཆི་བར་སྐྲག་པ་ལས་བྱུང་བ་ཡིན་པའི་ལྟ་བ་འཛིན།   
      དད་པ་མེད་མཁན་ཞིག་འཆི་ཚེ་ང་རང་ཚར་སོང་བ་རེད་དང་ཟོས་ཚར་མེད་གོན་ཚར་མེད་སོགས་ཀྱིས་སྐྲག   དད་པ་ཅན་ཞིག་འཆི་ཚེ་དམྱལ་བར་སྐྱེ་ངེས་སོགས་ཀྱིས་སྐྲག
      
6   འགྲེལ་བཤད་མིའི་རིགས་རིག་པ།
        གིའར་ཚིས་སྲོལ་བཏོད།   གོང་ལྟར་བྱེད་ནུས་ལ་ཞིབ་འཇུག་མི་བྱེད་པར་མིའི་རིགས་རིག་པའི་འགན་ཁུར་གང་ཡིན་ཞེ་ན།   མིའི་རིགས་ཀྱི་རིག་གནས་ལ་འབྲེལ་བཤད་བྱེད་དགོས་པར་འདོད།   རིག་གནས་ཟེར་བ་མིའི་རིགས་ཀྱིས་བསྐྲུན་པའི་མ་ལག་ཅིག་དང་།   དེའི་ཁོག་ན་ཡོད་པའི་མཚོན་དོན་དེ་ལ་འགྲེལ་བཤད་བྱེད་རྒྱུ་ནི་~འགན་ཁུར་ཡིན་ཟེར།  (དཔེར་ན་རྒྱ་མི་ཟིག་དགོན་པར་འབྱོར་ན།   སྒོ་ཁའི་རིགས་དྲུག་མཁོར་ལོའི་མཚོན་དོན་འདྲི་བར་བྱེད་ཅིང་།   དེའི་མཚོན་དོན་འགྲེལ་བཤད་བྱེད་པ་ལྟ་བུ)
       གིའར་ཚི།(ཁོས་སྡེ་བ་ཞིག་གིས་སྐྱེས་པ་རྣམས་ཀྱིས་བྱ་ཕོ་གསོས་ཏེ་འགྲན་བསྡུར་བྱེད་པ་ལ་ཞིབ་འཇུག་བྱས་པ་བརྒྱུད་ཆེན་པོ་ཞིག་ལ་ཞིབ་འཇུག་བྱས་པ་ཡིན)
      གིའར་ཚི་ལྟར་ན།  རིག་གནས་གང་ལ་ཞིབ་འཇུག་བྱེད་དགོས་ན། (མིའི་རིགས་རིག་པ)    ཁྱོད་རང་རིག་གནས་དེའི་ནང་དུ་དངོས་སུ་ཞུགས་ལ་རིག་གནས་དེའི་ལངས་ཕྱོགས་ནས་བལྟས།   དེ་ནས་ཞིབ་འཇུག་པའི་ཚད་ནས་བལྟས་ན་ད་གཟོད་རིག་གནས་དེའི་ཕྱི་ནང་གསང་གསུམ་ལ་འགྲེལ་བཤད་ཡང་དག་པ་ཞིག་ཕོག་པར་གདམས།
                                       ༢༠༢༡  ༣  ༢༣   
                      རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease