བསམ་བློའི་གཤོག་པ།
ལོ་བ་སྙིང་བརྩེ་རྒྱལ།
ལོ་བ་སྙིང་བརྩེ་རྒྱལ།
བསམ་བློའི་གཤོག་པ།
ལོ་བ་སྙིང་བརྩེ་རྒྱལ།
བསམ་བློ་ནི་ཆེས་སྤྱིར་བཏང་གི་མིའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ཞེས་ཨ་མེ་རི་ཁའི་རྩོམ་མཁན་རྫོབ་སི་ཡིས་གསུངས་བྱུང་ལ།ཡིན་ཡང་སྲིད་དེ། སྤྱིར་འགྲོ་མི་ཞེས་པ་ནི་དེ་འདྲ་ཞིག་ག་ལ་མིན། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྡིང་ཚེ། གདོད་མའི་སྤྱི་ཚོགས་ནི་ཕྱི་གསལ་ནང་གསལ་གྱི་རུས་རྒྱུད་སྤྱི་ཚོགས་ཤིག་ཡིན་ལ། དུས་ཚོད་ཅེས་པའི་སྤྱི་མཚན་ཞིག་ལས་བརྒལ་ཏེ། རང་ངོས་ལ་བསམ་ཞིབ་ཐེངས་ཤིག་བྱས་ཙ་ན།བསམ་བློ་ནི་ཆེས་བློ་ཉེ་བའི་རང་ཉིད་དེ་ཡིན་ལ། འདྲིས་ཆེ་བའི་གྲོགས་པོ་དེ་ཡང་ཡིན་ནོ།།
ནུབ་གླིང་དུ་བརྒྱ་ལོ༡༤པའི་དུས་དཀྱིལ་ནས་བཟུང་བསམ་བློ་སྒེར་ཚུགས་ཀྱི་རླབས་རྒྱུན་དྲག་པོ་ཞིག་འཕྱུར་བར་བྱས་ལ། ཧྲ་ཁེ་ཕེ་ཨར་གྱི་དུས་སྐབས་སུ་འབོད་པའི་དུས་རབས་དཀྱིལ་ཙམ་ལ་བྱུང་བའི་མི་ཆོས་རིང་ལུགས་ནི་བསམ་བློ་སྒེར་ཚུགས་ཀྱི་གཤིན་ས་དྲོན་མོ་ཞིག་ཏུ་གྱུར། དབྱི་ཐ་ལིའི་མི་ཆོས་རིང་ལུགས་ཀྱི་དེད་དཔོན་ཆེན་པོ་ཕེ་ཏོ་ར་ཁི་ཡིས་བཤད་རྒྱུར།“བསམ་བློ་སྒེར་ཚིགས་ནི་མི་ཕལ་མོ་ཆེའི་བསམ་དོན་གཞི་གཅིག་ཏུ་གྲུབ་པར་བྱེད་མཁན་ཡིན”ཞེས་ད་ལྟའི་དུས་སུ་ང་ཚོའི་ཁ་རུ་རྒྱུ་བཞིན་འདུག ཡུན་རིང་པོ་ཞིག་གི་སྤྱི་ཚོགས་སྲེ་སྦྱོར་དང་རླབས་ཆེན་གྱི་མཁས་པ་མང་པོ་ཞིག་གི་འབད་བརྩོན་རྒྱུད་བསམ་བློའམ་བསམ་བློ་སྒེར་ཚུགས་དེ་མི་བུ་སུ་ཞིག་གིས་ཀྱང་རྨེག་མེད་དུ་བཟོ་མི་ཐུབ་པའི་སྙིང་སྟོབས་ཤིག་ཏུ་གྱུར།
དེ་ཡང་ཨ་རིའི་ལྷོ་བྱང་དམག་འཁྲུག་གི་སྐབས་སུ་མི་དམངས་ཀྱི་ཁྲོད་རྩིས་ཆེ་བའི་དཔེ་དེབ་ནི་གནམ་བདག་གི《དམ་པའི་གསུང་རབ》ནི་མ་ཡིན་པར། ཕིའན་གྱི《རྒྱུན་ཤེས》ཞེས་པའི་དཔེ་གཟུགས་དེ་ཉིད་ཡིན་གྱུར་ལ།《རྒྱུན་ཤེས》ཅེས་པའི་དཔེ་དེབ་བདག་ཉིད་ཅན་ལས་བྱུང་བའི་ཐ་སྙད་དག་ནི་ཨ་མེ་རི་ཁའི་མི་རྣམས་ཀྱི་སྲོག་ལས་ཀྱང་གཙོ་ཆེ་ཤོས་སུ་གྱུར། ཐ་སྙད་དེ་དག་ལས“བསམ་བློ་སྒེར་ཚུགས”དང“མི་ལུས་རང་དབང”ཞེས་པ་གཉིས་ནི་ད་ལྟའི་དུས་སུ་ཡང་རྒྱལ་ཁབ་ཀྱིས་འདང་རྩིས་བྱེད་བཞིན་གདའ། གོང་སྨྲས་དང་བསྡུར་ཚེ། ངེད་ཅག་ལ་དེ་ལྟ་བུའི་འདུ་ཤེས་ནི་ཞན་པར་འདོད་ལ། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བཀའ་གཙིགས་ཀྱི་ཡི་གེ་ལས་ཀྱང་བསམ་བློ་བཅིངས་འགྲོལ་གྱི་གལ་ཆེ་ཚུལ་གསུངས་གྱིན་འདུག་མོད། ངན་སྨྲིག་གི་ཁ་རུབ་སྤྱི་ཚོགས་ཁྲོད་དུ་སྐད་ཆ་གནད་དམ་པ་དེ་དག་ནི་སྤྱང་ཀའི་རྣ་ལ་ཆོས་བཤད་དུ་འགྲོ་ཉེན་ཆེ་རྐྱེན། ལུང་ཤར་ཚང་གིས“སྐྱིད་སྡུག་གནའ་མཐུན་ཚོགས་པ”བཙུགས་ནས་ནུབ་ཕྱོགས་ཀྱི་བསམ་བློ་དག་རེ་རེ་བཞིན་ངོ་སྤྲོད་གང་ལེགས་བྱས། འོན་ཀྱང་རིང་པོ་མ་ཐོགས་པར་བཀའ་བློན་ཁྲི་བྱང་རིན་པོ་ཆེ་སོགས་ཀྱིས་མཉམ་འབྲེལ་སྒོས་རྐྱེན་ལམ་དུ་བརྫངས། ཤེས་རྨོངས་ཀྱི་གྲོང་ཚོ་ཞིག་ལ་འབྱུང་འགྱུར་གྱི་ཉེ་ཟེར་འཕྲོ་དགོས་ཚེ། དཀའ་བའི་ལས་ལ་མནར་གཅོད་བྱས་པ་ག་ལ་མིན།
བསམ་བློའི་གཤོག་པ་བརྐྱངས་མཁན་མང་པོ་ཞིག་ནི་གསར་བཏོད་ཀྱི་ཞུན་མ་བརྡར་བའི་རིག་པའི་དཔའ་བོ་དག་ཡིན་ལ། ཀི་པེ་ཉི་དང་སི་ཕེན་གྱི་སྨན་པ་ཇོབ་སི་ཨར་གཉིས་ནི་ཅིས་ཀྱང་འཛམ་གླིང་ལྒང་འདིར་ཕྱག་རྗེས་ཆེ་བའི་མི་བུ་གཉིས་ཡིན་ལ། སུས་ཀྱང་ཚོར་མི་ཐུབ་པ་ནི་ཁོང་གཉིས་ཀྱིས་ང་ཚོ་ལ་བཞག་པའི་སྙིང་སྟོབས་དག་ཡིན་ནོ། རྒྱ་ནག་གི་རྩོམ་མཁན་ཀུའུ་ཕྲིན་བྱ་བས《མི་རབས་གཅིག》ཅེས་པའི་ནང་དུ“སྨན་ནག་གི་མཚན་མོའི་བདག་ལ་ནག་སྣུམ་གྱི་མིག་བྱིན་ཡང་། བདག་གིས་དེ་ལ་བརྟེན་ནས་འོད་ཟེར་འཚོལ”ཟེར་འདུག་ལ། དངོས་གནས་དོན་སྙིང་ཁྱད་མཚར་གྱིས་ཕྱུག་པའི་སྐད་ཆ་ཞིག་མ་ཡིན་ནམ། ཐའེ་ཝན་ནས་ཡིན་པའི་རྩོམ་མཁན་ཡུས་ཅེས་ལགས་ཀྱིས་སྐུ་ཞབས་ཧུའུ་ཧྲི་ལ“བསམ་བློ་སྒེར་གཅོད་པ”རུ་འདོད།
ང་ཚོ་ལ་མཚོན་ན་དཀྱེལ་ཡངས་སྒམ་དཀྱེལ་ཀྱི་བསམ་བློ་ནི་ངེས་པར་དུ་མཁོ་ལ། རང་ཉིད་ཉི་མ་ལྟར་གསལ་གྱུར་ཀྱང་སྐྱོན་ལྡན་གྱི་སྐྱེ་བོ་ཁྲོ་བར་མི་འགྱུར་བའི་ཐུགས་བསམ་དག་མཉོམ་ཞན་དུ་གཏོང་བྱེད་ནི་བསམ་བློ་ཡིན་ནོ། རང་དོན་རུམ་དུ་བཅུག་ནས་གཞན་དོན་ཐེད་ལ་བོར་ཀྱང་བསམ་བློ་ཡག་པོ་ཞིག་འཆིང་རྒྱུ་ནི་མཐར་འདེད་ཞེ་སྐྱེད་ཡིན་གཤིས་ཅི་ནས་ཀྱང་གལ་ཆེའོ། བསམ་བློའི་གཤོག་པ་རིང་དུ་བརྐྱངས་ནས་བློ་ཕྱོགས་རིང་བའི་གནས་མལ་འཚོལ་རྒྱུ་ནི་ང་ཚོ་ལ་མཚོན་ན་མི་ཚེའི་འཇུག་ལྡོག་སྟོན་པའི་དྲང་ཐིག་ཏུ་གྱུར།
རྩོམ་སྒྲིག་པ། མྱི་གསར་བ།
![]() |
|
Signature is customized by Netease