
སྐར་ཕྲན།
གྲོགས་པོ་དམ་པ་ཞིག་ལ་ཕུལ་བ།
ཆུ་བོ།
ལས་དབང་གིས
སྐར་ཕྲན་མང་པོ་མང་པོ་ཞིག་ལྷན་དུ་བསྡུས་ནའང
མཐར་སྐར་ཕྲན་འགའ་རེ་རྒྱང་དུ་ཆད་སོང
རྒྱང་དུ་ཆད་སོང་བའི་སྐར་ཕྲན་ལ
མེ་སྟག་མཁའ་ལ་ཡལ་བ་བཞིན་ཕྱིར་ཡོང་ཡོད་པ་མ་རེད
མུན་པའི་གཏིང་རུམ་དང་ནམ་མཁའི་མཐའ་སྐོར་དུ
རང་ཡང་གསལ་མི་ཐུབ་པའི་སྐར་ཕྲན་དག
འོད་འབྱེད་ཙམ་འབྱེད་ཙམ་བྱེད་པ་དེ
མི་ཞིག་ངུ་ཤུམ་བྱེད་བཞིན་ཡོད་པ་དང་ཧ་ཅང་འདྲ
གཏམ་རྒྱུད་ཅིག་གི་སྣེ་མོར
གློ་བུར་དུ་གཏམ་རྒྱུད་གཞན་ཞིག་ཐོགས
དེ་ནི་ས་འགུལ་བ་དང་ཆུ་བྲུག་པ་དང་རྡོ་གས་པའོ
༢༠༢༣ ༩ ༢༦
ཁབ་དང་སྐུད་པ།
སྐུད་པ་ཞིག་རྐྱ་གཉིས་སུ་ཞིག་སྟེ
ཁབ་མིག་གཅིག་ཏུ་རྒྱུས་ཐབས་མེད་པར་གྱུར
ཁབ་མིག་ཅི་འདྲའི་ཆུང་ནའང
ནམ་ཡང་སྐུད་པ་ཡ་གཅིག་གི་ས་མིག་སྟོང་པར་ལུས་བྱུང
༢༠༢༣ ༩ ༢༧
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease