རྡོ་བ་སོགས་སྙན་ཐུང་ཚན་པ་བཞི།
རྩོམ་པ་པོ། གྲུ་ཆར།
རྩོམ་པ་པོ། གྲུ་ཆར།
རྡོ་བ།
གྲོགས་པོ་ཞིག་གི་གཉེན་སྟོན་ལ།
གྲུ་ཆར། ཡུལ་ཤུལ།
ང་ནི་སྐྱེས་མ་ཐག་ཏུ
རྡོ་བ་ཞིག་ཡིན
མུ་མཐའ་མེད་པའི་ཐང་སྟོང་དུ་ལུས་པའི
རྡོ་བ་ཁེར་རྐྱང་ཞིག་ཡིན
ངས་ཁྱོད་ཀྱི་ཡིད་འོང་གི་ནམ་ཟླ་དེ་རུ
ཕུན་སུམ་ཚོགས་པའི་ལེགས་སྐྱེས་ཅི་ཡང་
དབུལ་བར་མི་ནུས་པ་འདྲ
མིང་མེད།
ལོ་གཅིག་ལ
སྙན་ངག་ཀྱང་མི་འབྲི
སྐད་ཆ་ཡང་མི་བཤད
གང་ལའང་འདང་མི་རྒྱག
ཀློག་འདོད་པའི་དཔེ་ཆ་དག་ཀློག
ཁུ་སིམ་མེར་འདུག
དེ་ལྟར་བྱས་ཀྱང་སྙིང་པོ་མི་འདུག་ན
རལ་གྲི་ཞིག་ཁྱེར་ཡོང་སྟེ
ལོ་རྗེས་མ
རང་ཉིད་རང་གི་གཤེད་མ་ཞིག་ཏུ་བྱ།
ཕ་ཡུལ།
ཕ་ཡུལ་ནས་ཆས་ཐེངས་རེ་རེ
ཕ་ཡུལ་གྱི་རི་ཆུ་གང་རུང་ལ་ལྟ་བཞིན
ད་ནི། དུས་ནམ་ཞིག་ལ་ཕ་ཡུལ་དུ་ལོག་ཐུབ་ན་སྙམ་ཡོང་
ཕ་ཡུལ་དུ་ཡོད་པ་ནི
ཨ་མ་ཡིན ཨ་ཕ་ཡིན
སྙིང་ཉེ་བའི་སྲིང་མོ་ལགས་ཡིན
འདི་དག་དྲན་ན་ཕ་ཡུལ་དང་གྱེས་འདོད་མེད་མོད
ཡིན་ཡང་ལས་དབང་ཞིག་གིས
ལོ་རེ་རེ་བཞིན
ཕ་ཡུལ་དང་གྱེས
ཕ་མ་དང་གྱེས།
མིག་ཤེལ།
གྲོགས་རྩམ་པ་ལ་སྦྱར་བ།
ང་གཉིས་ཆུང་དུས་ཟུར་མང
ཞེས་པའི་ས་ཆ་ཆུང་ཆུང་ཞིག་ནས་འཕྲད
དེ་དུས་ཁྱོད་ཀྱི་ལག་ཏུ
རྟུལ་ཕོད་ཅེས་པའི་དཔེ་ཆ་ཞིག་རྒྱུན་དུ་བཟུང་བར་དགའ
ཕྱིས་སུ་ང་གཉིས་སྐྱེ་རྒུ་མདོ་ནས
འཕྲད་ཐེངས་རེར
ཁྱོད་ཀྱི་ཆེ་མ་ཆུང་གི་སྣ་རྩེ་རུ
དཀར་ལ་གཙང་བའི་མིག་ཤེལ་གྱོན་ལ་དགའ་བཞིན་འདུག
![]() |
|
Signature is customized by Netease