སྙིང་ཉེ་བའི་རི་མོ་བ།

    རྩོམ་པ་པོ། ཞྭ་ནག་པ།


སྙིང་ཉེ་བའི་རི་མོ་བ།

 

           ཞྭ་ནག་པ། གསེར་རྟ།
 

ཆེས་ཐོག་མར

ཁྱོད་ཀྱིས་ང་རང་འབྲི་དུས

ང་ནི་རབ་རིབ་མག་མོག་ཅིག་རེད

 

སྙིང་ཉེ་བའི་རི་མོ་བ་ལགས

ཁྱོད་ཀྱིས་ང་ལ་ཅི་ཡང་སྟེར་ན་ཆོག་མོད

ང་ལ་མཁོ་བ་དེ་ཁྱོད་ཀྱིས་ང་རང་དྲན་ཆོག་པའི་སེམས་པ་དེ་ཡིན

 

དུས་ཚོད་འདིར

ངས་འུ་གཉིས་ཀ་ས་གཞི་གཅིག་གི་ཐོག་ཏུ

མེ་ཏོག་བཞིན་བཞད་པར་བྱས་པས

བདེ་སྐྱིད་ཅེས་པར་ངས་གསོལ་བ་འདེབས་ཆོག

                     ༢༠༢༡-༨-༣ཉིན།
 

རི་མོ།

       

སེམས་ཀྱི་མེ་ལོང་དེར

ངས་སྔོན་ནས་སྙིང་ཉེ་བའི་རི་མོ་ཞིག་བྲིས་ཟིན

 

དུས་ཚོད་ཅིག་གི་ཡང་སྙིང་མཐའ་དག

ཁྱོད་ཀྱི་རྨི་ལམ་དང་འབྲེལ་བ་མེད་པར་བྱས་ཟིན

 

ངའི་ཡོད་ཚོད

ཁྱོད་དང་རིང་དུ་གྱེས་པར་བྱས་ཟིན

            ༢༠༢༡-༡༠-༢༨ཉིན།


གངས་ཀྱི་ཕ་རོལ།

 

གངས་ཀྱི་ཕ་རོལ་ཏུ

མི་སེར་གྱི་སེམས་པ་ལུས

 

ཉི་འོད་དང་བྲལ་བའི་ས་གཞི་ཞིག་ཏུ

མིག་ཆུའི་གཙང་བོ་བྲུག

 

ངས་རྒྱང་རིང་རྒྱང་རིང་ཞིག་ཏུ

སེམས་པ་ལུས་དོན

རྒས་དྲག་པའི་མི་ཞིག་བརྗེད་མ་ཐུབ་པས་ཡིན

                      ༢༠༢༡-༩-༡༦ཉིན།

                    རྩོམ་སྒྲིག་པ། འཕགས་མི། 


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease