དར་ཚོན་སྣ་ལྔ།

    རྩོམ་པ་པོ། ཆོས་ཤུལ་གསང་བདག


དར་ཚོན་སྣ་ལྔ།

 

              ཆོས་ཤུལ་གསང་བདག རྨ་ཆུ།



 

དུས་ཚོད་ཀྱིས་གཏོར་བའི་ཟིལ་བ

མེ་ལོང་ངོས་སུ་ཆགས

སྟོང་ཁམས་གཡོ་ཞོང་སྐྱོམ་པའི

ནག་ཁུང་ཕྲ་མོ་དེ

ཞོགས་པ་ཡིན་ནམ

དགོང་མོ་ཡིན

 

སྨིག་རྒྱུ་དེད་པའི་བྱིས་པ

རི་ལུང་ཐང་གསུམ་བརྒལ

དར་ཚོན་སྣ་ལྔར་བརྒྱུས་པའི

རི་སྒང་མཐོན་པོའི་འཇའ་ཚོན

མདང་གི་རྨི་ལམ་ཨེ་ཡིན

 

ཕྱི་མིག་འཕེན་ས་རི་མགོའི་སྨུག་པ

མཚོ་འགྲམ་གྱི་རླངས་པ

འཕྲུལ་བའི་གར་སྟབས་སྣེ་ན

ང་གཉིས་སོ་སོར་འདར

ཕྱི་ལོ༢༠༢༡ལོའི་ཟླ༣པའི་ཚེས༡ཉིན་གུར་ཁོག་ཏུ་སྦྱར།
 

            རྩོམ་སྒྲིག་པ། འཕགས་མི།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease