ལྦའེ། ཡི་གེའི་རལ་གྲི་ཕྱར་བའི་སྨྱོན་པ་ཚོ།

    རྩོམ་པ་པོ། བཙན་པོའི་ཕོ་ཉ།


ཝའེ། ཡི་གེའི་རལ་གྲི་འཕྱར་བའི་སྨྱོན་པ་ཚོ།
 
                       བཙན་པོའི་ཕོ་ཉ།
 
མཚན་མོའི་རྒྱབ་ལྗོངས་ལ་ཨག་སྐད་ཀྱི་རོལ་དབྱངས་དཀྲོལ་མཁན
ཁྱོད་ཚོ་མ་ཡིན་ནམ    ཡི་གེའི་རལ་གྲི་འཕྱར་བའི་སྨྱོན་པ་ཚོ
 
ཉི་ནུབ་ས་སྲོད་ཀྱི་ལག་ངར་ལ་མཚམས་སྤྲིན་འབྲི་མཁན
ཁྱོད་ཚོ་མ་ཡིན་ནམ    ཡི་གེའི་རལ་གྲི་འཕྱར་བའི་སྨྱོན་པ་ཚོ
 
དུས་རབས་འདི་ཡི་དཀྱོག་མཚམས་ནས་ཤག་ཤག་ཏུ་འབྱོ་འོང་བའི
ཕ་ཡུལ་གྱི་མངར་སྐྱུར་ཁ་གསུམ་འདྲེས་པའི་ལོ་ཆང་ཁམ་པར
སྐྱུར་དད་ཆེ་བའི་སྐྱག་སྦྲང་ལྟ་བུའི་ཤ་ཉེ་དེ་ཚོ
ད་དུང་ཅི་ཞིག་ལ་ཞེན་ཆཊ་ཀྱིས་ལུས་ནས
མདུན་ལྗོངས་ཀྱི་ལམ་བུར་འཁྱོར་འཁྱོར་ངང་བགྲོད་ཀྱིན་པ
ཁྱོད་ཚོས་རིག་བྱུང་ངམ
 
ནམ་མཁའ་ལ་མེ་ཏོག་གསོ་མྱོང་བ་ཞིག་ངས་གོ་ཐོས་མ་བྱུང
རྒྱ་མཚོ་ལ་འབྲས་ཤིང་བཏབ་མྱོང་བ་ཞིག་ཀྱང་ངས་རིག་མ་བྱུང
འོན་ཀྱང   ཡི་གེའི་རལ་གྲི་འཕྱར་ནས་མདུན་ལྗོངས་ཀྱི་དུག་ཚལ་གཤགས་ཀྱིན
གནམ་ས་གས་པར་བྱེད་པའི་གད་རྒྱངས་སྒྲོག་མཁན་མང་དག་ཅིག་གིས
འཇིག་རྟེན་སེམས་ཀྱི་ཕྱི་ནང་ལ་བཤགས་བཅོས་ལན་མང་བྱས་པ་རིག་ཐོས་བྱུང
 
ལ་བྱུང་གི་ངུ་བཤུམ་དང་སྨྲེ་ངག   སྡུག་ཡུས་དང་ཆོ་ངེ
ཁྱོད་ཀྱི་ནམ་མཁའ་ལ་བཞེངས་པའི་སྤྲིན་ཚོམ་ཡིན་རུང
ཆར་ཐིཊ་དང་ཉི་འོད་དཀོན་པའི
རྒུད་པའི་མྱ་ངམ་ལྟ་བུའི་འཇིག་རྟེན་ལ
དེ་དག་ཅིས་ཀྱང་མི་མཁོ
 
ཝའེ   ཡི་གེའི་རལ་གྲི་འཕྱར་བའི་སྨྱོན་པ་ཚོ
སྐྱུར་དད་ཀྱི་རྣམ་ཤེས་ཚོཊ་ལ
དབྱངས་གསལ་གར་ཁུས་འབྱངས་པའི་སྦྲང་ཆར་རེ་ཟུང་ཕོབ་དང
དུ་ཆང་གིས་སྦགས་པའི་ལུས་སེམས་ཕྱི་གསལ་ནང་གསལ་ལ་དག་འགྲོ
 
ཝའེ    ཡི་གེའི་རལ་གྲི་འཕྱར་བའི་སྨྱོན་པ་ཚོ
ཀླད་རྙིང་གིས་བཙེམས་པའི་མགོ་ལྤཊ་མཐུག་པོར
གནམ་ལྕགས་ཐོག་ལས་བཙན་པའི་མདའ་མོའི་ལྟོང་ཁ་སྤྲོད་དང
རྟག་བརྟན་ཐེར་ཟུག་ཏུ་གྱུར་བའི་ལྟ་བ་མཁྲེགས་ཟུང་
འོད་ཀྱི་ཟེགས་མས་དེད་པའི་མུན་བཞིན་སོ་སོར་འཐོར་འགྲོ

ཡི་གེ་ནད་པ་དེ་དག
 
 
ཡི་གེ་ནད་པ་འདི་དག
གཏུབ་བཅོས་བྱ་དཀའ་བའི་སྐྲན་ནད་བཞིན
ཁྲོམ་སྲང་དོག་པོ་འདིའི་མཁའ་རླུང་སྲབ་མོའི་ནང་དུ 
བྲེལ་སྟབས་ཀྱིས་ཡར་འདུར་མར་རྒྱུཊ་བྱེད 
མཚན་སྨག་ནང་གི་ཞ་ལ་རིད་པའི་ལག་པ་དེ་དག་བཞིན
 
ཡི་གེ་ནད་པ་འདི་དག
འཁྲིག་པ་སྤྱད་ཅིང་འཚིམས་པར་གྱུར་བའི་ཆཊ་སྲེད་བཞིན
ཧ་ཅང་ལྐོག་གྱུར་གྱི་རྣམ་འགྱུར་བག་ལ་ཞ་བ་ཞིག་གིས
མཁས་བླུན་ཅི་རིཊ་ཀྱི་མགོ་བོ་དང་མཛུབ་རྩེ་ནས་ཕར་མཆོངས་ཚུར་མཆོངས་བྱེད
མཚན་གྱི་གློག་དམར་འོག་ན་འཆོར་སྒེག་སྟོན་པའི་འཕྱོན་མ་བཞིན
 
ཡི་གེ་ནད་པ་འདི་དག
འུ་ཚོས    ཆང་རག་གི་ཚབ་ཏུ
སྒམ་བརླིང་གིས་བཏུང་ན་ཆོག་ཅིང
སྙན་ངག་གི་ཚབ་ཏུ
གཟབ་ནན་གྱིས་གྱེར་ན་ཆོག
              
   རྩོམ་སྒྲིག་པ། མྱི་གསར་བ།