ཚོར་བའི་གནམ་མཐའ།

    རྩོམ་པ་པོ། སྔོན་པོ།


ཚོར་བའི་གནམ་མཐའ།

                སྔོན་པོ།



ཧ་ཅང་ཞིམ་པའི་སྙན་ངག་གི་ཟླ་མཚན།

ཡང་དང་བསྐྱར་དུ་ལྡོགས་ཤིག   ལྕགས་ཀྱི་ལག་པ་ཅན་ཚོ།
 

མུན་པའི་གྲོང་ཚོ་ན་ངའི་མིག་འབྲས་མི་འདུག

སུས་ཁྱེར་སོང་།  སུས་ཁྱེར་སོང་།

ཕྱིར་ང་ལ་སྤྲོད་རོགས།
 

དམར་རྗེན་དུ་ཕུད་པའི།

དཀར་རྗེན་དུ་ཕུད་པའི།

གཏམ་རྒྱུད་དེའི་བྱུང་རིམ་ཆ་ཚང་། 

ངའི་རྣ་བར་མ་བླུགས།  ང་རང་ཧ་ཅང་ཞེད་ཡོང་།
 

ལོ་ངོ་བརྒྱད་ཀྱི་ཚར་ལོང་ཁྲོད།

ངས་འཕྲིན་ཡིག་གཅིག་ཀྱང་འབྲི་མ་ཐུབ་པས།

ཁྱོད་རང་འདི་ལྟར་སད་ཀྱིས་བཅོམ་སོང་།

མི་ཏོ་བ།
 

ངས་ཁྱེད་ལ་ཤ་རྒྱ་མ་གང་སྟེར།

ཁྱེད་ཀྱིས་ང་གུ་ཡངས་སུ་གཏོང་རོགས།
           རྩོམ་སྒྲིག་པ། འཕགས་མི།