འཚེར་ཡ།

    


འཚེར་ཡ།

 

          ཆེ་པོ།  མི་ཉག



དོན་དག་ཅི་ཡང་མ་བྱུང་།
ཁྱོད་རང་ཡང་གང་དུ་མ་སོང་།
རླབས་ཆེ་བའི་ཉི་འོད་ནི་དྲག་དུ་ཚེས་འདུག
གྲོ
ང་ཁྱེར་ཀྱི་མི་རྣམས་ཀྱང་བྲེལ་ཟིང་གི་ཚ་བས་འདེད།
འབྲོག་པས་ཕྱུག་འཚོ་ལ།
རོང་པས་ཞིང་འདེབས།
ང་ཡི་ཁྱོད་རང་གང་དུ་མ་སོང་།
ཡོད་དོ་ཅོག་རྒྱུན་ལྡན་རེད།
སྨད་འཚོང་མས་སྔར་བཞིན་ལས་ཀ་སྒྲུབ།
བུ་མོ་མནའ་མར་འགྲོ་ལ།
སྐྱེས་པ་མག་པར་འགྲོ།
ཁྱོད་རང་གང་དུ་འང་མ་སོང་།
ཁྱོད་རང་སྐྱེས་པ་དང་ཤི་བ་ནི།
མ་སྐྱེས་པ་དང་མ་ཤི་བ་འདྲ།
ཁྱོད་རང་གང་དུ་འང་མ་སོང་པས།
ངས་འཁོར་བའི་སྲུབས་ཀ་གང་ཞིག་ནས།
ཁྱོད་རང་བཙལ་ཏེ་ཁྱིམ་དུ་ཁྲིད།
ཉམ་ཆུང་ཤི་བ་ནི་དོན་དག་ཅི་ཡང་མ་བྱུང་བ་དང་འདྲ་ཨང་།

ཐོབ་ཤོར།
 

རྙེད་ན་འདོད་པ་དག་མ་ཐོབ་ཅིང་།

ཐོབ་ཟིན་པ་དག་ལག་ནས་ཤོར།

ཡི་མུག་གི་སེམས་པ་རུམ་ནས་སྣང་བ་ཉོབ་དུས།

དབྱར་ཟླ་མགོ་ཐོག་དུ་ཚེས་ཀྱང་།

སྦྲང་ཆར་ལུས་སྟེང་དུ་མ་བབས།

ང་ཡི་ཁྱོད་རང་མིག་དབང་འབྱེད་འཛུམ་གྱི་གྱེས་ཕྱག་ཙམ་ཡང་མེད་ཁར།

ཆེས་ཐ་མའི་དཀར་འོད་མ་མཐོང་བར།

འདི་ཕྱི་གང་དུ་འང་མི་ཆུད་ས་གང་དུ་ཆས་བཞག

རང་བྱུང་ཁམས་ནི་སེར་སྣ་བྲལ་བས།

ཡང་བསྐྱར་དབྱར་ཁ་ཚེས་འདུག

མི་རྣམས་རྩང་ཐང་དུ་འཚོ་ཤིང་།

གཞས་ལེན་རེས་ལ་བྲོ་ལྡིང་གི་འདུག

འུ་གཉིས་ཆེས་མཐའ་མཇུག་བར་དུ་འགྲོ་མ་ཐུབ་ཨང་།

                            རྩོམ་སྒྲིག་པ། མྱི་གསར་བ།