ཕ་ཡུལ།

    རྩོམ་པ་པོ། གནུབས་པན་ཆེན།


ཕ་ཡུལ།


                         གནུབས་པན་ཆེན།

ཡུན་རིང་ལ་ཅི་ཡང་མི་སྙམ་པར་སྡོད་དུས
འོད་འཕྲོ་སའི་ཁང་མིག་དེར
གྲང་ངར་གྱི་ཁ་བ་འབབ་བཞིན་པ་མཐོང
རླུང་ལྡང་རྗེས རྩྭ་ཐང་དང་ལུག་ཁྱུ
མདོག་ཡལ་བའི་ཐང་གཤོངས་དུ
བགྲེས་རྒུད་ཀྱི་མུན་པ་འཕྱུར་ཞིང
ཚེ་སྲོག་གི་མཐའ་མཇུག་སྨུག་པ་དེའི་ནང་ནས་ཟད
སྐབས་འདིར
ཁ་བར་དགའ་ཞིང་གྲང་ངར་མི་བཟོད་པའི་བུ་མོ་ཞིག
བདག་གི་རྨི་ལམ་གྱི་ནང་དུ་གཉིད་ལ་རོལ
ཁོ་མོའི ལག་པ་འཇམ་པོ་དེས
ཕ་ཡུལ་དང་ཁ་གྱེས་པའི་ཚོར་སྣང་ཡོངས་སུ་བསུབས
འཇིག་རྟེན་འདི
དུ་བ་རྐང་གཅིག་བརྔུབས་རྗེས་ཀྱི
ཤུན་ཏུ་འཁྱག་པའི་དུས་ཚོད་ལས
གང་ལའང་ཕྱིན་ཐབས་མི་འདུག


BM ཕུལ།

གཙང་བོ་བསྐམས་ཤུལ་གྱི་གྲམ་པ
ཁྱོད་ཀྱི་འཚོ་བ
འབྱུང་བས་བསུབ་བཞིན་པའི་ས་སྲོད
ཁྱོད་ཀྱི་བརྩེ་དུང
རུལ་བཞིན་པའི་ཡི་ཆད་མེ་ཏོག་གི་རྩ་བ
བདག་གི་རྨི་ལམ་དུ་བསྲིངས
བུ་མོ
ལག་པའི་ནང་གི་རི་མོ
རྣག་ཁྲག་ཏུ་གྱུར
བརྗེད་ཐོར་ཡི་གེའི་ནང་ན
འདས་ཟིན་པའི་སྔོན་ཆད་ཀྱི་བརྩེ་འདང་ཟབ་མོ
ད་ལྟ་སྐམ་རིད་དུ་སོང་བའི་གྱོན་གོས་བཞིན
མི་ཚོགས་འདིའི་གཡས་གཡོན་ནས་རྡུལ་དང་འདྲེས
དུས་ཚོད་ཀྱི་གདང་ཕྱིད་པའི་འཁོར་བ
ལན་རེར་ནགས་ཚལ་བཞིན
སེམས་ཀྱི་ཟབ་ས་རུ་སྐྱེས
ལན་རེར
པདྨའི་ཟེའུ་འབྲུ་མཚོ་ཡི་གསེད་པ་ལྟར
ཁྱོད་རང་བདག་གི་འདབ་མར་འཁྲིལ


                       རྩོམ་སྒྲིག་པ། འཕགས་མི།