ཀོང་པོ་བུ་ཆུར་དཔལ་རིའི་ལྷ་ཁང་བཞེངས་སྐབས་ཀྱི་གྱང་གླུ།

    སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གསུང་།


ཀོང་པོ་བུ་ཆུར་དཔལ་རིའི་ལྷ་ཁང་བཞེངས་
སྐབས་ཀྱི་གྱང་གླུ།

 
                  ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གསུང་།

རྗེ་བྱིན་རླབས་ཀྱི་འབྱུང་གནས་པདྨ་འབྱུང་། །
བུའི་བློ་གཏད་གཅིག་མཆོག་རིན་པོ་ཆེ། །
རང་མོས་གུས་ཀྱི་ལྟེམ་རྐྱང་མ་ཤོར་ན། །
གཏན་བདེ་བའི་ས་ལ་སྐྱེལ་མི་སྐྱེལ། །
ཕ་ཁྱོད་ཀྱི་ཐུགས་རྗེས་བསླུ་སྙམ་མེད། །
ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས། །
བུ་ཕ་དང་མཉམ་པར་བྱིན་གྱིས་རློབས། །
ཤར་ཀོང་ཡུལ་ལྗོན་པ་སྐྱིད་པའི་ལྗོངས། །
གནས་བུ་ཆུང་གསང་བའི་དགའ་ཚལ་དུ། །
མ་འབྲེལ་ཚད་སེམས་ཅན་དོན་ལྡན་ཕྱིར། །
ཞིང་རྔ་ཡབ་དཔལ་རིའི་ལྷ་ཁང་བཞེངས། །
དོན་བར་ཆད་མེད་པར་འགྲུབ་ནས་ཀྱང་། །
ཆོས་བསྟན་པའི་རྒྱལ་མཚན་ཚུགས་པ་རུ། །
མགོན་བཀའ་དྲིན་ཅན་གྱིས་བྱིན་རླབས་སྩོལ། །
གྲོགས་དཔའ་བོ་མཁའ་འགྲོའི་སྡོང་གྲོགས་མཛོད། །
བཀའ་ཆོས་སྐྱོང་སྲུང་མའི་ཕྲིན་ལས་སྒྲུབས། །
བུའི་ལྷག་བསམ་མཐའ་རུ་ཕྱིན་པར་ཤོག །
རྗེ་གུ་རུའི་དགོངས་པ་རྫོགས་པར་ཤོག །
མ་འགྲོ་དྲུག་བདེ་ལ་འཁོད་པར་ཤོག །
ཡུལ་འདི་ལ་བདེ་སྐྱིད་འབྱུང་བར་ཤོག །
                         རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease